[001A]༄༅། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རྗེ་ཕ་བོང་ཁ་པའི་གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་རྗེས་གནང་སྐོར་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ། ། [001A] །མཚན་སྙན་བདུད་རྩིའི་འོད་ཆགས་ཀྱི། །ཆ་ཤས་སྙིང་ལ་ཞུགས་པས་ཀྱང། །སྲིད་ཞིའི་གདུང་བ་འཕྲོག་བྱེད་པའི། །མགོན་པོ་མཆོག་དེས་དུས་ཀུན་སྐྱོངས། །གང་གི་ཐུགས་ རྗེའི་སྣང་བ་ཡིས། །བསྐྱངས་པའི་བྱིན་རླབས་མངར་བའི་བཅུད། །སྙིང་གི་པདྨོར་ཆགས་བྱེད་པའི། །བཀའ་དྲིན་འདི་ནི་གཞལ་ཐབས་ཅི། །ཡིད་ཀྱི་ཤིང་རྟ་དགའ་བའི་ནོར་བུས་འཕྱུར། །བསྟོད་བསྔགས་སྙན་ པའི་མགྲིན་པའི་རྫ་རྔ་འཁྲོལ། །ལུས་ཀྱི་ཕོ་ཉ་རྣམ་ཀུན་བྲན་དུ་བཀོལ། །ལེགས་བྱས་མཆོག་གི་བགོ་སྐལ་འདི་ལྟར་ཐོབ། །དེ་ཡང་རྗེས་གནང་གི་སྐོར་ལ་སྤྱི་བཀའ་དང། ཟུར་བཀའ་གཉིས་སུ་བཞུགས་ པ་ལས། དང་པོ་སྤྱི་བཀའི་སྐོར་ལ། སྒྲུབ་ཐབས་རྒྱ་མཚོ་ནས་བཤད་པའི་ལྷ་རྣམས་གྱི་རྗེས་གནང་བྱ་ཚུལ་ཐར་རྩེ་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་ཐོབ་པའི་རིམ་པ་ནི། ཐོག་མར་ཐུབ་པ་རྡོ་རྗེ་ [002A]༄༅། །གདན་པ་གཙོ་འཁོར་གསུམ། འཇིག་རྟེན་དབང་ཕྱུག་དཀར་པོ་ཞལ་གཅིག་ཕྱུག་བཞི་པ། ཟ་མ་ཏོག་བཀོད་པའི་མདོ་ནས་བཤད་པའི་ཡི་གེ་དྲུག་པ། འཇིག་རྟེན་མགོན་པོ་པདྨ་ ཁ་འབྱེད། ཡི་གེ་དྲུག་པ་གཙོ་འཁོར་གསུམ། རྣམ་སྣང་མངོན་བྱང་ནས་བཤད་པའི་ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་ལྔ། མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གཙོ་འཁོར་བཅུ་གསུམ། འཇིག་རྟེན་ དབང་ཕྱུག་སེང་གེ་སྒྲ་འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལ་ཞལ་གསུམ་ཕྱག་དྲུག་གཙོ་འཁོར་གཉིས། འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལ་ཞལ་གསུམ་ཕྱག་དྲུག་པ་གཙོ་རྐྱང། རྡོ་རྗེ་ཆོས་དཀར་པོ་ཞལ་གསུམ་ཕྱག་དྲུག་ པདྨ་གར་དབང་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཙོ་འཁོར་དགུ། པདྨ་གར་དབང་ཞལ་གཅིག་ཕྱག་བཅོ་བརྒྱད་པ་ལྷ་ལྔ། འཇིག་རྟེན་དབང་ཕྱུག་ཧ་རི་ཧ་རི་ལ་ཞོན་པ། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་ [002B] འཇིག་རྟེན་དབང་ཕྱུག་དམར་པོ་ཕྱག་བཞི་གཙོ་འཁོར་གསུམ། འཇིག་རྟེན་གསུམ་ལྷག་པར་དབང་དུ་བྱེད་པའི་སྤྱན་རས་གཟིགས། འཇིག་རྟེན་དབང་ཕྱུག་མགྲིན་སྔོན་ཅན་སེར་པོ། སྒྱུ་འཕྲུལ་དྲ་བའི་རིམ་པའི་ འཕགས་པ་སྤྱན་རས་གཟིགས་ནག་པོ། པདྨ་ཕྱག་གཟུངས། དོན་ཞགས་དཀར་པོ་གཙོ་འཁོར་ལྔ། འཇིག་རྟེན་དབང་ཕྱུག་དམར་པོ་ལྷ་ལྔ་བཅས་སྤྱན་རས་གཟིགས་ཀྱི་སྐོར་ཉི་ཤུ། འཇམ་དབྱངས་བརྟན་པའི་འཁོར་ལོ། འཇམ་ དབྱངས་སེང་གེ་སྒྲ་ལྷ་བཅུ་གཅིག་པ། དཔལ་ལྡན་ངག་གི་རྒྱལ་པོ་དམར་སེར་གཙོ་རྐྱང། འཇམ་དབྱངས་སེང་གེའི་གདན་ཅན་དམར་སེར། འཇམ་དཔལ་ངག་གི་རྒྱལ་པོ་གཙོ་འཁོར་གཉིས། ངག་གི་རྒྱལ་པོ་གསེར་མདོག་ཅན་གཙོ་འཁོར་ གསུམ། འཇམ་དཔལ་གྱི་རྟོག་པ་ལས་གསུངས་པའི་ངག་གི་རྒྱལ་པོ་གསེར་མདོག་ཅན། ཤེས་རབ་འཕེལ་བའི་ངག་གི་རྒྱལ་པོ། འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔ་དཀར་པོ། རྗེ་བཙུན་འཇམ་དཔལ་སྒོམ་པའི་མན་ངག་དང་འཕྲལ་དུ་ ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན། རྡོ་རྗེ་གུར་ནས་གསུངས་པའི་ཡན་ལག་མེད་པའི་རྡོ་རྗེ། ཆོས་དབྱིངས་གསུང་གི་དབང་ཕྱུག་དཀར་པོ། ཆོས་དབྱིངས་གསུང་དབང་དམར་པོ། ཆོས་དབྱིངས་གསུང་དབང་དཀར་པོ་ཞལ་གཅིག་ཕྱག་ གཉིས་པ། ཨ་ར་པ་ཙ་ན་ངག་གི་དབང་ཕྱུག། འཇམ་དཔལ་དཔའ་བོ་གཅིག་གྲུབ་དཀར་པོ། ངག་གི་དབང་ཕྱུག་རྒྱལ་པོ། འཇམ་དཔལ་རྒྱལ་པོ་རོལ་པ། འཇམ་དཔལ་དཔའ་བོ་གཅིག་སྒྲུབ། བུང་བ་མྱོས་པ་དང། འཇིག་རྟེན་ [003A]༄༅། །གསུམ་ལྷག་པར་དབང་དུ་བྱེད་པ་དང། འཇམ་དཔལ་ཞལ་གསུམ་ཕྱག་དྲུག་པ། རིག་པ་འཛིན་པའི་སྡེ་སྣོད་ལས་གསུངས་པའི་འཇམ་དཔལ་ཤེས་རབ་འཕེལ་བ། མཚན་ཡང་དག་པར་བརྗོད་ པའི་མན་ངག་ཤེས་རབ་འཁོར་ལོ། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། མཚན་ཡང་དག་པར་བརྗོད་པ་ནས་གསུངས་པའི་འཇམ་དཔལ་ཞལ་གསུམ་ཕྱག་བཞི་པ། འཇམ་དཔལ་རྡོ་རྗེ་ཞལ་ གསུམ་ཕྱག་དྲུག་པ་བཅས་འཇམ་དབྱངས་སྐོར་ལ་ཉེར་ལྔ། མི་གཡོ་བ་སྔོན་པོ། སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། སྒྲོལ་མ་ཆེན་མོ། མཆོག་སྦྱིན་སྒྲོལ་མ། གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མ། རྡོ་རྗེ་སྒྲོལ་མ་ དཀར་མོ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། རྒྱ་ནག་སྒྲོལ་མ། འཆི་བ་བསླུ་བའི་སྒྲོལ་མ། སྒྲོལ་མ་ཡིད་བཞིན་རྒྱལ་མོ། སྒྲོལ་དཀར་ཞལ་གསུམ་ཕྱག་དྲུག། སྒྲོལ་མ་ནོར་སྦྱིན་མ། ངན་སོང་ལཾས་སྒྲོལ་བའི་སྒྲོལ་མ། སྣ་ ཚོགས་ཡུམ་དཀར་མོ། དོན་ཐམས་ཅད་འགྲུབ་པའི་སྒྲོལ་མ། དུག་སེལ་སྒྲོལ་མ། ཡང་དུག་སེལ་སྒྲོལ་མ། དུག་སེལ་ལྗང་གུ། དུག་སེལ་དཀར་མོ། ལྷ་མོ་རལ་གཅིག་མ། རལ་གཅིག་ཕྱག་བཞི་མ། རལ་གཅིག་ནག་མོ་ཕྱག་གཉིས་ མ་བཅས་སྒྲོལ་མའི་སྐོར་ལ་ཉེར་གཅིག། འགུར་ནས་བཤད་པའི་ལྷ་མོ་ཙུནྡ། རྟོག་བ་ལས་གསུངས་པའི་འོད་ཟེར་ཅན་མ། མྱ་ངན་མེད་པའི་འོད་ཟེར་ཅན་མ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་སེར་མོ། འོད་ཟེར་ཅན་ཕྱག་ [003B] འོད་ཟེར་ཅན་པིཙུ་བ། འོད་ཟེར་ཅན་དམར་མོ། ལོ་གྱོན་སེར་མོ། ལོ་གྱོན་ལྗང་གུ། ཤེར་ཕྱིན་དཀར་མོ། ཤེར་ཕྱིན་སེར་མོ། གསེར་མདོག་ཅན་གྱི་ཤེར་ཕྱིན། དབྱངས་ཅན་དམར་མོ། དབྱངས་ཅན་དཀར་མོ། རྡོ་རྗེ་དབྱངས་ཅན། པོ་ཝཾ་ དབྱངས་ཅན། རྡོ་རྗེ་དབྱངས་ཅན་ཕྱག་གཉིས་མ། ཁྲོ་གཉེར་ཅན། རྟོག་པ་ནས་གསུངས་པའི་ཀུ་རུ་ཀུལླེ་རིག་བྱེད་དམར་མ། རིག་བྱེད་ཕྱག་དྲུག་མ། རིག་བྱེད་མ་དམར་མོ་ཕྱག་བརྒྱད་མ། རིག་བྱེད་དཀར་མོ་ཕྱག་གཉིས་མ། སྒྱུ་དྲ་ནས་གསུངས་པའི་ ཀུ་རུ་ཀུལླེ་དགར་མོ། གཙུག་ཏོར་རྣམ་རྒྱལ་ཕྱག་བརྒྱད་མ། རྣམ་རྒྱལ་ལྷ་དགུ། གདུགས་དཀར་ཕྱག་དྲུག་མ། རྡོ་རྗེ་ཙ་རྩིཀ། རྣམ་སྣང་སྒྱུ་དྲ་ནས་འབྱུང་བའི་བསྲུང་བ་ལྔའི་སོར་འབྲང་རྣ་བྱ་ཆེན་མོ། སྟོང་ཆེན་རབ་འཇོམས། གསང་སྔགས་རྗེས་འཛིན། བསིལ་བའི་ ཚལ༑ གཟུངས་གྲ་ལྔ་ནས་བཤད་པའི་ར་སྲུང་བ་ལྔ། སོ་འབྲང་སེར་མོ། ཕྱིར་བཟློག་ཆེན་མོ། རྒྱལ་མཚན་རྩེ་མོ། རྒྱལ་མཚན་རྩེ་མོ་ཞལ་བཞི་པ། གཞན་གྱིས་མི་ཐུབ་མ། རྡོ་རྗེ་གནྡྷ་རི། རྡོ་རྗེ་ལྕགས་སྒྲོག། རྡོ་རྗེ་ལྕགས་སྒྲོག་ཕྱག་བརྒྱད་མ། ནོར་རྒྱུན་ མ་ལྷ་ལྔ། གུར་ནས་གསུངས་པའི་ནོར་རྒྱུན་མ། ཛམྦྷ་ལ་ནག་བོ་གུར་ནས་བཤད་པའི་ཛམྥ་ལ་སེར་པོ། ཛམྥ་ལ་ཕྱག་དྲུག་པ། ཛམྦྷལ་སེར་པོ་ལྷ་དགུ། གང་བ་བཟང་པོའི་རྒྱུད་ནས་བཤད་པའི་དབལ་གནོད་གནས་འཁོར་བཅས། ཛམྦྷ་ལ་ ལ་ཆུ་སྦྱིན་པའི་མན་ངག་གི་རིམ་པ་གསུམ་ཡོད་པ། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་རྗེ་བཙུན་བྱམས་པ་སེར་པོ་ཞལ་གསུམ་ཕྱག་བཞི་པ། རྡོ་རྗེ་ཧཱུཾ་མཛད། སྲིད་པའི་ཁྲོ་པོ་སྟོབས་པོ་ཆེ། བགེགས་མཐར་བྱེད། ཁྲོ་བོ་འཇིག་རྟེན་གསུམ་རྒྱལ། རྡོ་རྗེ་མེ་ [004A]༄༅། །དང་ཉི་མ་འབར་བ་ཞལ་བཞི་ཕྱག་བརྒྱད་པ། རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད་པ། རྟོག་པ་བདུན་པ་ནས་གསུངས་པའི་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གཙོ་ འཁོར་ལྔ། རྟ་མཆོག་དམར་པོ་ཞལ་བཞི་ཕྱག་བརྒྱད། གཤིན་རྗེ་གཤེད་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཤིན་རྗེ་གཤེད་དགྲ་ནག་ཞལ་གསུམ་པ། གཤིན་རྗེ་གཤེད་གདོང་དྲུག། ༈ ཕག་དཀར་ཤེས་རབ་གསལ་བྱེད་ རྡོ་རྗེ་ཕག་མོ་དབང་དུ་བྱེད་པ། རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་གྲུབ་པ་ལྷ་ལྔ། གཤེད་དམར་ཡབ་ཡུམ། རྩེ་མོ་ནས་བཤད་པའི་ཀྱི་རྡོར། ཀྱཻ་རྡོར་ཡབ་ཡུམ། རྡོ་རྗེ་བདག་མེད་མ། ཁྲོ་བོ་འབྱུང་པོ་འདུལ་བྱེད། གུར་ནས་བཤད་པའི་རྡོ་རྗེ་ནག་པོ་ཆེན་པོ་ མགོན་པོ་ཕྱག་བཞི་པ། དེ་ལྟར་ལྷ་བརྒྱ་དང་བཞི་བཅུ་ཞེ་གསུམ་ལས། གང་གི་པདྨ་ཕྱག་གཟུངས། དུག་སེལ་མ། ཛམ་བྷ་ལའི་ཆུ་སྦྱིན། རྡོ་རྗེ་ཕག་མོ་དབང་དུ་བྱེད་པའི་ཆོ་ག་བཞི་བཅས་ལ་རྗེས་གནང་མེད་པས་ལུང་ཙམ་གྱིས་ཆོག། གོང་གསལ་རྣམས་ ཀྱི་རྗེས་གནང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་ བཙུན་རིན་པོ་ཆེ། ས་པཎ། ཚོགས་སྒོམ་ཀུན་དགའ་དཔལ། གཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་གྲུབ་གཟུངས་ཀྱི་དཔལ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ [004B] བླ་མ་དཀོན་མཆོག་རྒྱལ་མཚན། འབུམ་ཕྲག་གསུམ་པ། མང་ཐོས་གླིང་པ་ཡོན་ཏན་རྒྱ་མཚོ། བླ་མ་ཨོ་རྒྱན་རྒྱལ་པོ། རྗེ་དབང་ཕྱུག་རྒྱལ་མཚན། རྗེ་བསོད་ནམས་མཆོག་ལྡན། རབ་འབྱམས་སྨྲ་བ་རིན་ཆེན་རྒྱ་མཚོ། ཁྲི་ཆེན་བཀའ་ འགྱུར་བ་སྦྱིན་པ་རྒྱ་མཚོ། རྗེ་བློ་བཟང་ཆོས་འཛིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ངག་དབང་བློ་བཟང་བཀྲ་ཤིས། རྗེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཁྲི་ཆེན་བསྟན་པ་ རབ་རྒྱས། བྱང་རྩེ་བསྟན་འཛིན་རབ་རྒྱས། རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་དཔལ་བཟང་པོ། དེས་བདག་ལའོ།། ༈ སྒྲུབ་ ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ལ། རྫོང་ཆུང་བ་སོགས་རྒྱ་མཆོ་ཐོབ་ན་རྒྱུན་ཡོད་ཕྱིན། དེ་དང་མངོན་རྟོགས་མཐུན་པའི་ལྷ་རྣམས་རྗེས་གནང་ཟུར་དུ་མི་དགོས་པར་བཞེད་ཀྱང། རྒྱ་མཚོའི་རྗེས་གནང་གི་ཆིངས་སྐུ་གསུང་ཐུགས་དང། འདིར་ལུང་ གསུམ་གྱི་ཆིངས་ཡིན་པས་ཕྱག་ལེན་མི་འདྲ་བའི་དབང་གིས་སོ་སོར་མ་འདྲེས་པ་དངོས་གཙང་བས་ན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཐོ་ཡིག་མུན་སེལ་སྒྲོན་མེའི་སྟེང་ནས་སྒྲུབ་ཐབས་ཀྱི་མཚན་བྱང་གོང་གསལ་ཡིག་ཆའི་སྟེང་ནས་ཕྱག་ལེན་ འཕྱུག་མེད། རྒྱ་གཞུང་གི་གོ་རིམ་སོར་བཞག་ལ་གསལ་བྱེད་ཀྱི་མཆན་བུ་དང་བཅས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གསན་ཡིག་ཏུ་གསལ་ཞིང། འདིར་ལྷ་གྲངས་བརྒྱུད་རིམ་མཐར་ཆགས་སུ་བཀོད་པ་ལ། དང་པོ་ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་ [005A]༄༅། །གསུམ། བརྟན་པའི་འཁོར་ལོ། ཨ་ར་པ་ཙ་ན། གསང་འདུས་ནས་བཤད་པའི་འཇམ་དཔལ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག། འཇམ་དཔལ་རྡོ་རྗེ་ལྷ་ལྔ། ངག་གི་རྒྱལ་པོ། འཇམ་དཔལ་རྒྱལ་པོ་རོལ་པ། རིག་པ་འཛིན་ པའི་སྡེ་སྣོད་ནེས་བཏུས་པའི་འཇམ་དཔལ། གུར་ནས་གསུངས་པའི་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ། ཆོས་དབྱིངས་གསུང་དབང། མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ། འཇམ་དཔལ་དཔའ་གཅིག། འཇམ་དཔལ་ཤེས་རབ་འཁོར་ ལོ༑ གདོང་དྲུག། གཤིན་རྗེ་གཤེད་ནག་གཤིན་རྗེ་ཕྱག་གཉིས་ཞལ་གསུམ། རྡོ་རྗེ་ཆོས་སེང་གེ་སྒྲ། ཧ་ལ་ཧ་ལ་གོང་འོག་གཉིས། ཁ་སར་པ་ཎི། ཡི་གེ་དྲུག་པ་གཙོ་འཁོར་གསུམ། ཧ་རི་ཧ་རི་ལ་ཞོན་པ། པདྨ་གར་དབང། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཇིག་རྟེན་དབང་ ཕྱུག་སོགས། དབང་དུ་བྱེད་པའི་སྒྲོལ་མ། སྒྲོལ་མ་གཙོ་འཁོར་གསུམ། སེང་ལྡེང་ནགས་སྒྲོལ། སྒྲོལ་དཀར་ཚེ་སྦྱིན་མ། ཨཽ་ཌི་ཡ་ནའི་འོད་ཟེར་ཅན་དམར་མོ། རྟོག་པ་ནས་བྱུང་བའི་འོད་ཟེར་ཅན་སེར་མོ། རྟོག་པ་ནས་བྱུང་བའི་འོད་ཟེར་ཅན་དཀར་མོ་ མྱ་ངན་མེད་པའི་འོད་ཟེར་ཅན། ཨཽ་ཌི་ཡ་ནའི་རིམ་པའི་འོད་ཟེར་ཅན་མ། ཙུནྡཱ། ཤྲཱི་ཛམ་བྷ་ལ། ཛམྦྷ་ལ་ཨུ་ཚུཥྨ། ནོར་རྒྱུན་མ། ཁྲོ་གཉེར་ཅན། བྱམས་མགོན། གུར་གྱི་ཤེར་ཕྱིན། གདན་བཞི་སམ་བུ་ཊ་ལས་གསུངས་པའི་ཤེར་ཕྱིན། ཤེར་ཕྱིན་ སེར་མོ། ཤེར་ཕྱིན་སེར་མོ་དང་གསེར་མདོག་ཅན་གཉིས་བསྔོམས། མི་གཡོ་སྔོན་པོ། རྡོ་རྗེ་ཧཱུཾ་མཛད། རི་ཁྲོད་མ། དགྲ་ནག་ནས་གསུངས་པའི་རྡོ་རྗེ་དབྱངས་ཅན་མ། བགེགས་མཐར་བྱེད། རལ་གཅིག་མ། དུག་སེལ་མ། རིག་བྱེད་དཀར་དམར་ [005B] སྒྲོལ་མ་མངོན་བྱུང་ལས་བྱུང་བའི་ལྷ་མོ་རིག་བྱེད། ཨཽཌི་ཡ་ནའི་རིག་བྱེད་མ་དང་འོག་འབྱུང་རིག་བྱེད་མ་གཉིས་བསྔོམས། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས། གང་བཟང་རྒྱུད་ནས་བཤད་པའི་དཔལ་ གནོད་གནས་འཁོར་བཅས། རྒྱ་ནག་རིམ་པའི་སྒྲོལ་མ། གུར་ནས་འབྱུང་བའི་རྡོ་རྗེ་སྒྲོལ་མ། གཤེད་དམར། འོག་གི་གཙུག་ཏོར་རྣམ་རྒྱལ། རྣམ་སྣང་སྒྱུ་དྲ་ནས་བྱུང་བའི་བསྲུང་བ་ལྔའི་གཙོ་རྐྱང་རྣམས་ལས་སོར་འབྲང། རྨ་བྱ་ཆེན་མོ། སྟོང་ཆེན་རབ་ འཇོམས། གསང་སྔགས་རྗེས་འཛིན། བསིལ་བའི་ཚལ། ཕྱིར་བཟློག་མ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། གཞན་གྱིས་མི་ཐུབ་མ། རྡོ་རྗེ་གནྡྷ་རི། ནག་པོ་ཆེན་པོ། རྡོ་རྗེ་ལྕགས་སྒྲོག། སྟོབས་པོ་ཆེ། གདུངས་དཀར། རྟ་མགྲིན། ཀྱཻ་རྡོར་ བདག་མེད་མ་གཉིས། རྡོ་རྗེ་ཕག་མོ། དཀར་བའི་ལས་སྟོན་པའི་སྒྲོལ་མ་བཅས་ཀྱི་རྗེས་གནང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང། ཕྱག་ན་རྡོ་རྗེ། ཛཻ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། བ་རི་ལོ་ཙཱ་བ་རིན་ཆེན་ གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཚོགས་སྒོམ་ཀུན་དགའ་དཔལ། གཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་གྲུབ་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བླ་མ་དཀོན་ཅོག་རྒྱལ་མཚན། འབུམ་ཕྲག་གསུམ་པ། མང་ཐོས་གླིང་བ་ཡོན་ཏན་རྒྱ་མཚོ། བླ་མ་ཨོ་རྒྱན་རྒྱལ་ཕོ། རྗེ་དབང་ཕྱུག་རྒྱལ་མཚན། རྗེ་བསོད་ནམས་མཆོག་ལྡན་ [006A]༄༅། །རབ་འབྱམས་སྨྲ་བ་རིན་ཆེན་རྒྱ་མཚོ། ཁྲི་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། རྗེ་བློ་བཟང་ཆོས་འཛིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ངག་དབང་བློ་བཟང་བཀྲ་ཤིས། རྗེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་ མཚན། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཁྲི་ཆེན་བསྟན་པ་རབ་རྒྱས། ཁྲི་འཇམ་དཔལ་ཚུལ་ཁྲིམས། བྱང་རྩེ་བསྟན་འཛིན་རབ་རྒྱས། རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་ངག་དབང་མཁྱེན་རབ་དཔལ་ལྡན་བསྟན་པའི་ ཉི་མ་དཔལ་བཟང་པོ། དེས་བདག་ལའོ།། ༈ གངས་རིའི་ལྗོངས་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་རོལ་གར་ དཔལ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ནས་ཉེ་བར་བརྒྱུད་པའི་ཡི་དམ་གྱི་ལྷའི་མངོན་རྟོགས་རྗེས་གནང། མན་ངག་ཐོར་བུ་རྣམས། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྣར་ཐང་བརྒྱ་རྩར་གྲགས་པའི་ཆོས་ སྐོར་གྱི་རྗེས་གནང་ཡོངས་རྫོགས་སྡེ་དགེ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ལེགས་པར་ནོས་པའི་ལྷ་གྲངས་དང་བརྒྱུད་རིམ་ཆབས་ཅིག་ཏུ་སྤེལ་བ་ལ། ཐུབ་དབང་གཙོ་རྐྱང། གནས་བརྟན་བཅུ་དྲུག། གདུགས་ དཀར་ཞལ་གསུམ་ཕྱག་དྲུག་མ། གཙུག་ཏོར་རྣམ་རྒྱལ་མ། འཇམ་དཀར། འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ། འཇམ་དབྱངས་སྨྲ་སེང། སོར་འབྲང་སེར་མོ་ལྷ་ལྔ། འོད་ཟེར་ཅན་མ་ཕྱག་གཉིས་མ། བྱམས་པ་སེར་པོ། མི་གཡོ་བ་དཀར་པོ། མི་ [006B] བཅུ་གཅིག་ཞལ། ཕྱག་བཞི་པ། ཁ་སརྤཱ་ཎི། སེར་གེ་སྒྲ། པདྨའི་རིགས་ཀྱི་ཡུམ་དཀར་མོ། སྒྲོལ་ལྗང་གཙོ་རྐྱང། རྟ་མགྲིན། ལོ་གྱོན་མ་སེར་མོ། དབྱངས་ཅན་མ་དམར་མོ། མི་འཁྲུགས་པ། ཕྱག་རྡོར་མདོ་ལུགས། ཁྲོ་གཉེར་ཅན་ སེར་མོ། སྟོབས་པོ་ཆེ། སྨེ་བརྩེགས་དུད་ཁ། བགེགས་མཐར་བྱེད་མཐིང་ནག། རྣམ་སྲས་ལྗང་ཁུ་བེ་ཅོན་ཅན། ཛམྦྷ་ལ་སེར་པོ། ནོར་རྒྱུན་མ་སེར་མོ། ཡང་ནོར་རྒྱུན་མ་སྔགས་མི་འདྲ་བ། ཤེར་ཕྱིན་མ་དཀར་མོ། ཕྱག་རྡོར་འབྱུང་འདུལ། བླ་མེད་མགོན་ པོ་གྲི་གུག་བཅས་ཁྱོན་ལྷ་སོ་བཞིའི་རྗེས་གནང་གི་བརྒྱུད་རིམ་ནི། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། རྗེ་བཙུན་བྱམས་མགོན། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན་ཀུན་མཁྱེན་བློ་གྲོས་བརྟན་པ། པཎ་ཆེན་ཤཱནྟྤི། སློབ་ དཔོན་བ་ར་ཧེ་ཏ། ཇོ་བོ་ཆེན་པོ་མར་མེ་མཛད། འབྲོམ་རྒྱལ་བའི་འབྱུང་གནས། རྡོག་ལེགས་པའི་ཤེས་རབ། རྡོག་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཆ་པ་ཆོས་ཀྱི་སེང་གེ། གཙང་ནག་ཐུགས་རྗེ་སེང་གེ། གྲོ་སྟོན་བདུད་རྩི་ གྲགས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། འཁོན་སྟོན་གྲུབ་པ་ཤེས་རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། ཆོས་རྗེ་དཔལ་ལྡན་དོན་གྲུབ་ རྩེས་དང་ལས་ཆེན་ཀུན་དགའ་རྒྱལ་མཚན། ཐེལ་བྲག་ལྕོག་ཐམས་ཅད་མཁྱེན་པ། ཐོན་པ་བློ་གྲོས་རྒྱལ་མཚན། ཤངས་རི་བོ་དགེ་འཕེལ་པ་ཕྱོགས་ལས་རྣམ་རྒྱལ། རྒྱལ་དབང་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། ཕ་བོང་ཁ་ [007A]༄༅། །པ་དཔལ་ འཁོན་སྟོན། འཕྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་མཆོག་ལྔ་པ། གནས་བརྟན་འཇམ་དབྱངས་གྲགས་པ། ཞྭ་ལུ་འཇམ་དབྱངས་བསྟན་འཛིན། ནོ་མོན་ཧན་བློ་བཟང་བསྟན་པའི་རྒྱལ་མཚན༑ རྒྱལ་ མཆོག་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། རྭ་སྒྲེང་བློ་བཟང་བསྟན་པ་རབ་རྒྱས། ཁྲི་བློ་བཟང་དགེ་ལེགས། རྫ་ཆོས་རྗེ་བསྟན་འཛིན་མཐུ་སྟོབས། རྡོ་རྗེ་འཆང་བདེ་ཆེན་མཉམ་ཉིད་རྡོ་རྗེ། སྐྱབས་མགོན་བཀའ་དྲིན་མཚུངས་མེད་ བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ། དེས་བདག་ལའོ།། ༈ གྲུབ་མཆོག་ ལཱུ་ཨི་པ་ནས་ཡེ་ཤེས་མྱུ་གུའི་བར་གྲུབ་ཆེན་ཕོ་བརྒྱད་ཅུ། མོ་བཞི་སྟེ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ཕྱག་ལེན་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང། གྲུབ་ཆེན་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀ་ལི་པ་དང་ དྷརྨ་དེ་བ་མཆེད་གཉིས། པཎྜི་ཏ་སུརྱ་ དཔའ་བོ་འོད་གསལ་ཡང་ཟེར། རསྨི། བྲམ་ཟེ་པཎྜི་ཏ་ཀ་མ་ལ། གྲུབ་ཆེན་ཛ་ཝ་རི་པ། མ་ག་དཧའི་པཎྜི་ཏ་ཨ་བྷ་ཡང་དཱ་ ་འདི་མི་འཇིགས་པ་སྦྱིན་པའི་དཔལ་ཡིན་པས་ཨ་བྷྱཱ་ཀར་དང་མི་གཅིག་གམ་དཔྱད། ན་ཤྲཱི། མི་ཉག་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས། སྨོན་ ་འདིས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་བསྟན་འགྱུར་ཁྲོད་དུ་ཞུགས་པ་ལྟར་ཛ་ཡའི་གསན་ཡིག་ཏུ་བཀོད། གྲུབ་ཤེས་རབ་རིན་ཆེན། རཏྣ་གུ་རུ། གྲུབ་ཐོབ་ཧཱུཾ་འབར། རྒན་མོ་ ལྷས་པ་བྱང་ཆུབ་དཔལ། ཙ་མི་ལོ་ཙཱ་བ་དང་འདི་གཉིས་ལ་ཡབ་སྲས་ཟེར་ [007B] སྟག་སྟོན་ཆ་ཕྲག་ འདི་གཉིས་གངྒཱར་སོ་སོ་དང་ཛ་ཡའི་གསན་ཡིག་ཏུ་གཅིག་བྱས། གཞོན་ནུ་དར་མ། པ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤས་རབ་རྡོ་རྗེ། འདིས་མཇད་པའི་བྱིན་རླབས་ཀྱི་ཆོ་ག་ཡོད། བླ་མ་བདེ་ ལེགས་པ། འཕགས་མཆོག་བསོད་ནམས་དར་རྒྱས། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། གཉུག་ལ་མཁན་ཆེན་ངག་དབང་གྲགས་པ། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན། རྒྱ་མྪོའང་ཟེར། གློ་བོ་ཀུན་དགའ་གྲོལ་མཆོག། བསྟན་ འཛིན་ཉི་ཟླ་བཟང་པོ། གསང་ཕུ་གླིང་སྟོད་ཞབས་དྲུང་ཀུན་དགའ་འབྱུང་གནས། རྗེ་ཀུན་དགའ་རྣམ་རྒྱལ། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། བཅོ་བརྒྱད་པ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། གོང་དཀར་བ་འཕྲིན་ལས་རྣམ་རྒྱལ་ གོང་དཀར་བ་བློ་གྲོས་དབང་ཕྱུག། དུས་འཁོར་བ་ཡོན་ཏན་དར་རྒྱས། གནས་བརྟན་དགེ་འདུན་གྲགས་པ། རྒྱལ་སྲས་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། རྗེ་ཡོངས་འཛིན་བློ་བཟང་བསྟན་འཛིན། ཤར་རྩེ་བློ་བཟང་ཡོན་ཏན། བྲག་རི་ རྡོ་རྗེ་འཆང་བློ་བཟང་ཆོས་འབྱོར་རྒྱ་མཚོ། བཀའ་དྲིན་མཚུངས་མེད་གུང་སྤྲུལ་རྡོ་རྗེ་འཆང་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་དུ་སྩལ་བའོ། །ཡང་ན། ཛ་ཡའི་གསན་ཡིག་ཏུ། གཉུག་ལ་པཎ་ ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་བ་ངག་དབང་ཆོས་གྲགས། མཆོག་ལེགས་རྡོ་རྗེ། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བསྟན་འཛིན་མན་འདྲ་བར་གསུངས་སོ།། །། ༈ [008A]༄༅། །འོད་དཀར་ཅན། །འགྲོ་བློའི་རྒུད་པའི་མུན་པ་ཀུན་སེལ་རྣམ་ཀུན་དགེ་བའི་ལམ་ཡང་གསལ། །བདེ་སྐྱིད་ཀུ་མུཏ་འདབ་སྟོང་བཞད་མཛད་རྒྱལ་ཀུན་གསང་གསུམ་འདུས་པའི་ཞལ། །ཟླ་མེད་བླ་མའི་ཞབས་སེན་ རེ་ཁཱ་བྱང་ཆེན་བར་དུ་སྤྱི་བོར་མཆོད། །གཉིས་པ་རྗེས་གནང་ཟུར་བཀའ་ལ། སྒྲུབ་ཐབས་རིན་འབྱུང་ནས་གསུངས་པའི་ལྷ་ཚོགས་རྣམས་ཀྱི་རྗེས་གནང་ཡོངས་རྫོགས་ཐོབ་པ་ལས་ཐོག་མར། ་དང་པོ་ཇོ་ལུགས་སྒྲོལ་དཀར། བ་རི་ལུགས་ཀྱི་སྒྲོལ་དཀར་ གཉན་ལུགས་ཀྱི་སྒྲོལ་དཀར། པཎ་ཆེན་ནགས་རིན་ལུགས་ཀྱི་སྒྲོལ་དཀར། དབྱངས་ཅན་མ་དཀར་མོ། གཉན་སྒྲོལ་ཡན་ལག་དྲུག་པ། དམར་པོ་སྐོར་གསུམ་ནང་གི་ཀུ་རུ་ཀུལླེ། འདོད་རྒྱལ་དམར་པོ། ཚོགས་བདག་དམར་ཆེན། རྡོ་རྗེ་སེམས་དཔའ་ སེར་པོ་བཅས། ་གཉིས་པ་དེ་བཞིན་གཤེགས་པ་ཆགས་བྲལ་གྱི་སྐོར་ལ། ཐུབ་པ་རྡོར་གདན་གཙོ་འཁོར་གསུམ། དམ་ཚིག་གསུམ་བཀོད་ལྷ་ལྔ། ཐུབ་དབང་གནས་བརྟན་བཅུ་དྲུག། བཀའ་གདམས་ལྷ་བཞིའི་ཐུབ་པ། སྨན་བླ་མཆེད་བདུན། ཀླུ་ དབང་རྒྱལ་པོ་བཅས། ་གསུམ་པ་ཡི་དམ་སྐོར་ལ། གསང་འདུས་འཇམ་རྡོར། གསང་འདུས་ལྷན་སྐྱེས། མྷཱ་མ་ཡ། བདེ་མཆོག་ལྷན་སྐྱེས། གོ་ཆའི་དཔའ་བོ་དྲུག། གོ་ཆའི་དབའ་མོ་དྲུག། བདེ་མཆོག་དཀར་པོ། བདེ་མཆོག་དཀར་པོའི་ཚེ་ སྒྲུབ༑ འཇིག་རྟེན་དབང་ཕྱུག་མི་ཏྲཱི་ལུགས། ཀྱཻ་རྡོར་ལྷན་སྐྱེས། དུས་འཁོར་ལྷན་སྐྱེས། ཁྲོ་བོ་རྡོ་རྗེ་ཤུགས། གཤེད་དམར་ལྷན་སྐྱེས། འཇིགས་བྱེད་བསྡུས་པ་བཅས། བཞི་པ་ཕག་མོའི་སྐོར་ལ། ནཱ་རོ་མཁའ་སྤྱོད། དཔྱལ་ལུགས་ཞལ་ [008B] མཻ་ཏྲི་མཁའ་སྤྱོད། ཨིནྡྲཱ་མཁའ་སྤྱོད། ཕག་མོ་དོན་གྲུབ་མ། ཕག་མོ་དབུ་བཅད་མ། ཕག་མོ་གནམ་ཞབས་མ། ཕག་མོ་ཀུརྨ་པཱདཱི། དང་ལ་འཛིན་ལུགས་ཀྱི་ཕག་མོ་གོ་བཟློག་ལྷན་སྐྱེས་མ། ཁྲོས་ནག་ལྷ་དགུ། ཕག་དཀར་ཤེས་རབ་ གསལ་བྱེད། ཕག་དཀར་ཡིག་རྙིང་ལུགས་བཅས། ་ལྔ་པ་སྤྱན་རས་གཟིགས་ཀྱི་སྐོར་ལ། ཡི་གེ་དྲུག་པ་ཇོ་ལུགས། བཀའ་གདམས་ལུགས་སྤྱན་རས་གཟིགས། བཅུ་གཅིག་ཞལ་དཔལ་མོ་ལུགས་དོན་ཞགས་ལྷ་ལྔ་བ་རི་ལུགས། དོན་ཞགས་སེར་བོ། དོན་ ཞགས་ལྷ་ལྔ་ཁ་ཆེ་པཎ་ཆེན་ལུགས། ཁ་ས་ར་པཱ་ཎི་ལྷ་ལྔ། ཡིད་བཞིན་ནོར་བུ་ལྷ་ལྔ། སེམས་ཉིད་ངལ་བསོ། གསང་སྒྲུབ་མིཏྲ་ལུགས། ནམ་མཁའི་རྒྱལ་པོ། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ། འཇིགས་པ་བརྒྱད་སྐྱོ་བོ། སྤྱན་རས་གཟིགས་ རྡོ་རྗེ་སྙིང་པོ། སེང་གེ་སྒྲ། རྒྱལ་བ་རྒྱ་མཚོ་བཅས། ་དྲུག་པ་སྒྲོལ་མའི་སྐོར་ལ། བཀའ་གདམས་སྒྲོལ་མ། སྒྲོལ་ལྗང་ཁ་ཆེ་པཎ་ཆེན་ལུགས། སྒྲོལ་དཀར་པཎ་ཆེན་ལུགས། སྒྲོལ་མ་ཉིན་ཞི་མཚན་ཁྲོ། ཨོ་རྒྱན་སྒྲོལ་མ། སྒྲོལ་མ་ཡིད་བཞིན་ ནོར་བུ། ས་ལུགས་སྒྲོལ་དམར། སྒྲོལ་མ་ནོར་སྦྱིན་མ། སྒྲོལ་སེར་གཙོ་འཁོར་གསུམ། རྨི་ལམ་སྟོན་པའི་སྒྲོལ་མ། སྒྲོལ་མ་ལྷ་ལྔ། ཕྱག་བརྒྱད་སྒྲོལ་མ། ཀཱ་པ་ལི་ཏཱ་ར། ཙུནྡ་ཏཱ་ར་བཅས། ་བདུན་པ་ཕྱག་རྡོར་སྐོར་ལ། དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཱརྱ་ གོས་སྔོན་ཅན་གཟུངས་ལས་བྱུང་བ། ཕྱག་རྡོར་ས་ལུགས། ཕྱག་རྡོར་རས་ཆུང་ལུགས། གཏུམ་པོ་ཁྲ་ཐོག། གཏུམ་ཆུང་དམར་པོ། གོས་སྔོན་འགྲོ་བཟང་ལུགས། ཁང་བརྩེགས་མ། ཕྱག་རྡོར་འབྱུང་འདུལ། འབྱུང་འདུལ་གསར་མ་བཅས། ་བརྒྱད་པ་ [009A]༄༅། །རྟམ་གྲིན་སྐོར་པ། དཔའ་གཅིག་ལྷན་སྐྱེས། ཇོ་ལུགས་ཁྱུང་གཤོག་ཅན། ཇོ་ལུགས་ཤྭ་ན་བཞི་སྐོར། རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས། རྟ་མགྲིན་སྐྱེར་སྒང་ལུགས། ལྕགས་རལ་ཅན་བཅས། ༈ བའི་སྐོར་ལ། མི་གཡོ་བུས་བཙུགས། གཏུམ་སྔོན་བཀའ་གདམས་ལུགས། མི་གཡོ་ཕྱག་བཞི་པ། མི་གཡོ་ཞབས་བཞི་པ། མི་གཡོ་སྤྲེལ་བརྒྱད་མ་བཅས། ་བཅུ་པ་ཚེ་ལྷའི་སྐོར་ལ། ཚེ་དཔག་མེད་སྤྲུལ་སྐུ། བ་རི་ལུགས་ཀྱི་ཚེ་ དཔག་མེད། ཚེ་དཔག་དཀར་པོ་ཕྱག་བཞི་པ། མི་ཏྲའི་ལུགས་ཚེ་དཔག་དཀར་པོ། རྣམ་རྒྱལ་ལྷ་དགུ། འཆི་མེད་རྡོ་རྗེ་ལྷ་མོ་བཅས། ་བཅུ་གཅིག་པ་ཤེས་རབ་ཀྱི་ལྷའི་སྐོར་ལ། འཇམ་དཀར་ཁ་ཆ་པཎ་ཆེན་ལུགས། ཨ་ར་པ་ཙ་ན་དམར་སེར་ས་ ལུགས། གང་བློ་མའི་བསྟོད་སྒྲུབ། འཇམ་དབྱངས་སྨྲ་སེང། འཇམ་དཀར་ཤེས་རབ་འཁོར་ལོ། བྱམས་པ་ནི་ཆི་ཏི་པའི་ལུགས། ཤེར་ཕྱིན་མ་སེར་མོ། ཤེར་ཕྱིན་མ་དཀར་མོ། དབྱངས་ཅན་མ་དཀར་མོ་ཕྱག་བཞི། དབྱངས་ཅན་མད་མར་མོ་བཅས་ བཅུ་གཉིས་པ་ཐུགས་དམ་ལྷ་ལྔའི་སྐོར། གཟུངས་ལས་བྱུང་བའི་འོད་ཟེར་ཅན། ཐུབ་པ་མེ་རུ་ཤི་ཥ། སྤྱན་རས་གཟིགས་ཨ་རོ་ལིཀ། སངས་རྒྱས་སྤྱན་མ། དམ་ཚིག་གསུམ་བཀོད་གཙོ་རྐྱང་བཅས། བཅུ་གསུམ་པ་དབང་སྡུད་སྐོར། ཀུ་རུ་ཀུལླེ་ གསང་སྒྲུབ། དཔའ་མོ་སྙིང་གི་གསེར་ཐིག། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་མ། མཁའ་འགྲོ་མ་ཐོད་པ་ཅན། གསང་བ་ཡེ་ཤེས་བཅས། ༈ བཅུ་བཞི་པ་སྣ་ཚོགས་སྐོར། རྣམ་འཇོམས་ལྗང་སྔོན། རྣམ་འཇོམས་མཐིང་ཁ། རྣམ་འཇོམས་དཀར་ [009B] གསང་འདུས་ལས་བྱུང་བའི་ཁྲོ་བོ་བགེགས་མཐར་བྱེད། སྣ་ཚོགས་ཡུམ་དཀར་མོ། རྡོ་རྗེ་གུང་ལས་བྱུང་བའི་སོར་འབྲང་མ། གཙུག་ཏོར་གདུགས་དཀར། ལོ་གྱོན་སེར་མོ། ལོ་བྱོན་དམར་མོ། ལོ་གྱོན་སྔོན་མོ། ལོ་བྱོན་ནག་མོ། ལོ་གྱོན་ལྗང་མོ། གཟའ་ཡུམ་ རིག་པའི་རྒྱལ་མོ། ཁྲོ་བོ་རྨེ་བརྩེགས་དུད་ཁ། རྨེ་བརྩེགས་ལྔང་གུ། ཁྲོ་བོ་རྨེ་བརྩེགས་བཅས། རྡོ་རྗེ་མཁའ་ལྡིང། དུས་འཁོར་ཁྱུང་ཁྲ། གསེར་ཆོས་ཁྱུང་ཁྲ། ཁྱུང་སེར་བཀའ་གདམས་ལུགས། འཇམ་དབྱངས་ནག་པོ། ལྷ་མོ་ ཤྲམ་ཎ། སེང་གདོང་སྔོན་མོ། སེང་གདོང་དམར་མོ། སེང་གདོང་དམར་མོའི་གསང་བའི་དབང། འཇམ་དཔལ་ན་གརཀཤ་བཅས། བཅོ་ལྔ་པ་ཤཱཀྱ་རཀྵི་ཏ་ལས་བརྒྱུད་པའི་སྐོར། སངས་རྒྱས་རབས་བདུན། འོད་དཔག་མེད། བྱམས་པ། ཀུན་བཟང་ ནམ་སྙིང། ས་སྙིང། སྒྲིབ་སེལ། སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ། སྣ་ཚོགས་དབང་པོ། པདྨའི་ཕྱག། སུ་ཁ་ཝ་ཏི། དོན་ཡོད་ལྕགས་ཀྱུ། དོན་ཡོད་ནོར་བུ། གསང་བདག་ལྷན་སྐྱེས། མཱ་མ་ཀཱི། གོས་དཀར་མོ། རྣམ་རྒྱལ་ཕྱག་གཉིས་མ། ལྷ་མོ་ ཙུནྡ། གཞན་གྱིས་མི་ཐུབ། རྟ་མགྲིན་དཀར་པོ། མི་གཡོ་བ་དམར་པོ། འོད་ཟེར་ཅན་མ་རྟ་ལྗང་ཅན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། རོ་ལངས་མ། འཕྲོག་མ་མོ། ཚོགས་བདག་སེར་པོ། ཉེ་སྲས་གྲས་འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་ རྗེ་བཅས། བཅུ་དྲུག་པ་ཉི་སྦས་ལུགས་ཀྱི་སྒྲོལ་མ་ལ། རྩ་བའི་སྒྲོལ་མ་ལྗང་གུ། རབ་ཏུ་དཔའ་བའི་སྒྲོལ་མ། སྒྲོལ་མ་དཀར་མོ་ཟླ་མདངས། སྒྲོལ་མ་གསེར་མདོག། སྒྲོལ་མ་གཙུག་ཏོར་རྣམ་རྒྱལ། སྒྲོལ་མ་ཧཱུཾ་སྒྲ་སྒྲོག་མ། འཇིག་རྟེན་གསུམ་རྒྱལ་ [010A]༄༅། །རྒོལ་པ་འཇོམ་སམ། སྒྲོལ་མ་མཆོག་སྟེར་མ། སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། མཆོག་སྩོལ་སྒྲོལ་མ། སྒྲོལ་མ་མྱ་ངན་སེལ་མ། ཕོངས་པ་སེལ་བའི་སྒྲོལ་མ། སྒྲོལ་མ་བཀྲི་ཤིས་སྣང་བ། ཡོངས་སུ་ སྨིན་མཛད་མ། ཁྲོ་གཉེར་གཡོ་བ་མ། དགེ་ལེགས་སྟེང་པའི་སྒྲོལ་མ། སྒྲོལ་མ་ཆགས་པ་འཇོམས་མ། སྒྲོལ་མ་བདེ་སྒྲུབ་མ། རབ་རྒྱས་སྒྲོལ་མ། སྡུག་བསྔལ་བསྲེག་མ། དངོས་གྲུབ་འབྱུང་མ། ཡོངས་རྫོགས་སྒྲོལ་མ་བཅས། བཅུ་བདུན་པ་ ནོར་ལྷའི་སྐོར་ལ། རྣམ་སྲས་སེར་ཆེན། མདུང་དམར་རྟ་སྔོན་ཅན། ལྗང་སེར་བེ་ཅོན་ཅན། དམར་པོ་གར་མཁན་མཆོག། གསུང་མཆོག་ལུས་ངན་པ། རྣམ་སྲས་དྲག་བྱེད། ནག་པོ་རྟ་སྔོན་ཅན། དཀར་པོ་ཚེ་འཛིན། ལྗང་གུ་སེང་ཞོན་ཛྙཱ་ནའི་ ལུགས། ཡང་གསང་ཕྱག་མཚན་བཞི་པ། ཛམ་སེར་གཙོ་རྐྱང། གསང་འདུས་ལུགས་ཀྱི་ཛམ་སེར། དཔའ་བོ་ཆིག་གྲུབ་ལས་བྱུང་བའི་ཛམྦྷ་ལ་ལྷ་མང་ཛམ་ནག་ཁ་ཆེ་པཎ་ཆེན་ལུགས། ཇོ་ལུགས་ཛམ་དཀར་ལྷ་ལྔ་ ཛམ་དམར། སྲོག་སྒྲུབ། ཕྲ་མངོན་ལུགས་ཛམ་དམར། ཛམ་ལྗང་དུས་འཁོར་ལུགས། ནོར་བུ་བཟང་པོ། སྲས་གར་མཁན་མཆོག། སྲས་རྒྱལ་བ་ཁྱུ་མཆོག། ལྷ་མོ་དཔལ། གཟུངས་ལས་བྱུང་བའི་ནོར་རྒྱུ་ནམ། ནོར་རྒྱུ་ནམ་ཛཱ་མ་རིའི་ལུགས། བ་གླང་རྫི། ཡིད་འཕྲོག་ནོར་རྒྱུན། ཞད་བློན་ རྡོ་རྗེ་བདུད་འདུལ། ཨ་པ་ར་ཛ་ཏ། ཚོགས་བདག་ཆགས་པ་རྡོ་རྗེ། ཚོགས་བདག་དཀར་པོ་ཕྱག་བཞི་བ་ཇོ་ལུགས། ཡང་དམར་པོ་ཕྱག་བཞི། ཀླུ་རྒྱལ་སོགས་མ་མེད། དབྱུག་གུ་སྤུན་གསུམ། ཁོལ་པོ་ཀུནྡྷ་ལི་བཅས། བཅོ་བརྒྱད་པ་མགོན་པོའི་སྐོར་ལ། ཡེ་ [010B] མགོན་དཀར་ཡིད་བཞིན་ནོར་བུ། མགོན་སེར་བློ་འཕེལ། མགོན་དམར་དབང་གི་རྒྱལ་པོ། ཆོ་བདག་མགོན་པོ་ལྗང་ཁུ། ཕྱག་བཞི་ཞི་སྦས་ལུགས། ཡེ་ཤེས་མགོན་པོ་ཕྱག་བཞི་ཀླུ་སྒྲུབ་ལུགས། མགོན་པོ་ཕྱག་ བཞི་རྒྭ་ལོའི་ལུགས། ཚལ་ལུགས་མགོན་པོ་ཕྱག་བཞི། ལུགས་གཉིས་གཅིག་དྲིལ་མགོན་པོ་ཕྱག་བཞི། མགོན་དམར་རྐང་གླིང་ཅན། ཕྱག་བཞི་པ་འཁོར་ཙིནྜ་ཀ་ཅན། བྱ་རོག་གདོང་ཅན། མགོན་པོ་གུར་ལྕམ་དྲལ། གུར་ལྷ་བརྒྱད། གུར་ཕུར་ཞབས་ ཁྱུང་གཤོག་ཅན། གུར་ཡུམ་ཅན། གུར་རྐྱང་རྡོག་ལུགས་བཅས། ་བཅུ་དགུ་པ་མཧཱ་ཀཱ་ལའི་སྐོར། མགོན་པོ་སྟ་གཞོན། མགོན་པོ་བདེ་བཀའ་མ། བེང་གཏེར་མ། ལེགས་ལྡན་མཆེད་གསུམ། ཨ་གྷོ་ར། ལྷ་ཆེན་དཔལ་འབར་ཇོ་ལུགས། མགོན་པོ་ གྲི་གུག་དཔའ་གཅིག། ལྷོ་ནུབ་མགོན་པོ་དམར་པོ། མགོན་པོ་བཞི་སྦྲགས། གྲི་གུག་མ་ཁ་ཆེ་པཎ་ཆེན་ལུགས། ཟངས་གྲི་ཅན་ལྗང་ལུགས། གྲི་གུག་ལྷ་དགུ་ཛྙཱ་ནའི་ལུགས། བོར་ནག་ཟངས་གྲི་ཅན། གཅེར་བུ་ཟངས་གྲི་ཅན། མགོན་པོ་ཚོགས་བདག་སེངྒའི་གདན་ ཅན༑ ཏྲཀཤད་གཉོས་ལུགས། ཏྲཀཤད་དྭགས་པོ་ལུགས། ཏྲཀཤད་སེང་ཞོན་ཇོ་ལུགས། ཏྲཀཤད་གྲི་གུག་སྦྲགས་སྒྲུབ། ཏྲཀཤད་རྐང་ཐང་མ། ཏྲཀཤད་མ་ནིང་མ། ཏྲཀཤད་འབྲོང་ཞལ་ཅན། གསང་སྒྲུབ་ཤྭ་ནའི་ཞལ་ཅན་བཅས། ་ཉི་ཤུ་པ་སྔ་མའི་འཕྲོས། ཞལ་ བཞི་བསྙེན་དུས་དང་འབྲེལ་བ། སྒྲུབ་དུས་དང་འབྲེལ་བ། ཞལ་བཞི་ལས་སྦྱོར། ཞལ་དཀར་པོ་ཚེ་འཕེལ། སེར་པོ་ནོར་འཕེལ། དམར་པོ་དབང་སྡུད། སྔོན་པོ་ཉམས་སྒྲོལ། ཞལ་བཞི་གདོང་གཉན་ཅན། ཤ་ཟ་ལྕེ་སྦྱང་གདོང་ཅན་བཅས། ཉེར་ [011A]༄༅། །གཅིག་པ་དཔལ་ལྷའི་སྐོར། དཔལ་ལྡན་འདོད་ཁམས་དབང་མོ་དུད་སོལ་མ། དམག་ཟོར་རྒྱལ་མོ། རང་བྱུང་རྒྱལ་མོ། དུང་སྐྱོང་མ། བདུད་མོ་རེ་མ་ཏི། ཀླུ་མོ་རེ་མ་ཏི་ཕྱག་བཞི་མ། གནོད་སྦྱིན་རེ་མ་ཏི། རྡོ་རྗེ་ གི་ཤོག་རྒོད་མ། ཨེ་ཀ་ཛ་ཊི། ནམ་མཁའི་གོས་ཅན་བཅས། ་ཉེར་གཉིས་པ་ལྕམ་དྲལ་རིགས་མཐུན་སྐོར། ཆོས་རྒྱལ་ལས་གཤིན། ལས་གཤིན་དམར་པོ་མ་རུ་རྩེ་བཞི་སྐོར། དམར་པོ་ཁྲག་མདོག། དུར་བདག་ལྕམ་དྲལ། པུ་ཊ་ལྕམ་ དྲལ༑ བྲན་བདུད་ནག་པོ། དཀར་མོ་ཉི་ཟླ་ལྕམ་དྲལ་བཅས། ཉེར་གསུམ་པ་ཉེར་མཁོའི་སྐོར། རྒྱལ་ཆན་བཞི། མཁའ་འགྲོ་སྡེ་ལྔ། ཚེ་རིང་མཆེད་ལྔ་བཅས་བཞུགས་པ་ལས་རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐ་ཡན་སྒྲུབ་ཡིག་ ལྟར་ལ། དེ་ནས་བྱམས་པ་བསོད་ནམས་ཕུན་ཚོགས། བྱམས་པ་ངག་དབང་ལྷུན་གྲུབ། འཁྲུལ་ཞིག་ཀུན་དགའ་མང་ཐོས་རྒྱ་མཚོ། གྱེ་རེ་ངག་དབང་ཕུན་ཚོགས། རྗེ་ཐབས་མཁས་རྒྱ་མཚོ། བློ་བཟང་སྙན་གྲགས། བྲག་རི་རྒྱ་མཚོ་མཐའ་ཡས་ ཡོངས་འཛིན་བློ་བཟང་བསྟན་འཛིན། ཤར་རྩེ་བློ་བཟང་ཡོན་ཏན། བྲག་རི་ཆོས་འབྱོར་རྒྱ་མཚོ། གྲུང་སྤྲུལ་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ། སྙིགས་དུས་རིས་བྲལ་བསྟན་པའི་གསལ་བྱེད་སྐྱབས་མཆོག་བཀའ་དྲིན་མཚུངས་བྲལ་ངེས་པ་དོན་དུ་ རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས། བདག་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ལ་དགྱེས་པ་ཆེན་པོས་སྩལ་བའོ། ། [011B] གུང་སྤྲུལ་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ་ནས། སྒོ་མང་མཁན་རིན་པོ་ཆེ་མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པོས། བདག་དེ་ཝི་ཀོ་ཊིའི་མིང་ཅན་ལའོ། །པཎ་ཆེན་བསྟན་པའི་ཉི་མའི་གསུང་རིན་འབྱུང་ལྷན་ཐབས་ པོད་གཉིས་ཀྱི་ལུང་གི་བརྒྱུད་པའང། མཇེད་པ་པོ་ནས། ཡོངས་འཛིན་བློ་བཟང་བསྟན་འཛིན། ཤར་རྩེ་བློ་བཟང་ཡོན་ཏན་མན་གོང་གི་རྗེས་གནང་གི་བརྒྱུད་པ་སོ་སོ་དང་འདྲའོ།། །། ༈ གཅིག་ཏུ་བསྒྲིགས་པའི་སྒྲུབ་ཐབས་ཟུར་བཀའ་བརྒྱ་རྩའི་རྗེས་གནང་ལ། ཐོག་མར་ཇོ་ལུགས་སྒྲོལ་མ་ཉེར་གཅིག། བཀའ་གདམས་ལྷ་བཞི། ཐུབ་བརྟེན་འབྲེལ་བསྲུང་བ། སྨན་བླ་བདེ་གཤེགས་བདུན། ཀླུ་དབང་རྒྱལ་པོ། ས་ལུགས་འཇམ་ དབྱངས། འཇམ་དབྱངས་གང་བློ་མ། འཇམ་དབྱངས་སྨྲ་སེང། མ་ཏིའི་ལུགས་འཇམ་དཀར། ཤེས་རབ་འཁོར་ལོ། འོད་ཟེར་ཅན་མ། སོར་འབྲང་མ། གཟའ་ཡུམ། རྣམ་རྒྱལ་ལྷ་དགུ། ལོ་གྱོན་མ་གཙོ་རྐྱང། སྲད་བརྒྱུད་ལུགས་ཀྱི་ལོ་གྱོན་མ་ སྣུབས་ལུགས་དབྱངས་ཅན་མ། ཕུར་ལུགས་དབྱངས་ཅན་མ། དབྱངས་ཅན་དམར་མོ། ཁྲོ་བོ་གཙུག་ཏོར་འབར་བ། ནོར་རྒྱུན་མ། ཛམ་སེར། ཛམ་ནག། རྡོ་རྗེ་ཤུགས། སྣ་ཚོགས་ཡུམ། ས་ལུགས་ཁྱུང་ཁྲ། ཁྱུང་སྔོན། ཁྱུང་ནག། གསེར་ ཆོས་ཚེ་དཔག་མེད། སྟག་ལུང་པའི་ཟབ་ཆོས་ཚེ་དཔག་མེད། ཚེ་དཔག་མེད་དཀར་པོ། བཅུ་གཅིག་ཞལ། བཅུ་གཅིག་ཞལ་བདེ་གཤེགས་བཞི་བསྐོར། ཡང་མཁའ་འགྲོ་ལྔ་བསྐོར། སྐྱེར་སྒང་ལུགས་སྤྱན་རས་གཟིགས། དོན་ཞགས། སེང་གེ་སྒྲ། སྒྲོལ་མ་ [012A]༄༅། །གཉན་ལུགས་སྒྲོལ་ལྗང། སྒྲོལ་མ་དམར་མོ། སྒྲོལ་མ་དཀར་མོ་བཀའ་རྒྱ་མ། སྒྲོལ་དཀར་བཀའ་བབས་དགུ་ལྡན། སྒྲོལ་དཀར་ཐུན་མོང་དང་ཐུན་མོང་མ་ཡིན་པ། ལྷ་མོ་ཤྲ་མ་ཎ། ཛམ་དཀར་ལྷ་ལྔ་ གྲུབ་རྒྱལ་ལུགས་ཀྱི་རྟ་མགྲིན། རྟ་མགྲིན་ལྕགས་རལ་ཅན། ཕྱག་རྡོར་གོས་སྔོན་ཅན། ཨུ་ཙརྱ། གཏུམ་པོ་ཁྱུང་ལྔ། གཏུམ་པོ་ཁྲ་ཐོགས། འབྱུང་པོ་འདུལ་བྱེད། བཀའ་གདམས་ལུགས་ཚོགས་བདག། ཚོགས་བདག་ཆགས་པ་རྡོ་རྗེ། མི་ གཡོ་བ་སྔོན་པོ། མི་གཡོ་བ་དཀར་པོ། རྣམ་འཇོམས་ལྗང་སྔོན། རྨེ་བརྩེགས་དུད་ཁ། རྨེ་བརྩེགས་ལྗང་ནག། རྡོར་སེམས་ཡབ་རྐྱང། བླ་མེད་ལུགས་ཀྱི་རྡོར་སེམས། གསང་འདུས་སྔགས་བཏུ། འཕགས་ལུགས་ཛམ་ལྷ། འཇིགས་བྱེད་ ཕྱག་གཉིས་པ། ཞལ་ཕྱག་ཡོངས་རྫོགས། འཇིགས་བྱེད་སྔགས་བཏུ། ཕྱག་རྡོར་འཁོར་ཆེན། རྒྭ་ལུགས་བདེ་མཆོག། བདེ་མཆོག་དཔའ་གཅིག། བདེ་མཆོག་སྔགས་བཏུ། བདེ་མཆོག་དཀར་པོ། དཔྱལ་ལུགས་མཁའ་སྤྱོད་སྐོར་གསུམ། དྭགས་ ལུགས་ཕག་མོ། ཕག་དཀར་ཤེས་རབ་གསལ་བྱེད། སེང་གདོང་མ་དམར་མོ། ཆབ་མདོའི་ཟབ་ཆོས་ལྷ་བརྒྱད། དེའི་ཆ་ལག་རྟ་མགྲིན་པད་དབྱུག་ཅན་དང། བཀའ་སྲུང་བྲག་ལྷ་མགོན་པོ། མགོན་པོ་བེད་དམར། ལས་གཤིན་དཔའ་གཅིག་ ཁྲག་མདོག་ཡབ་ཡུམ། མ་རུ་རྩེ་བཞི་སྐོར། ལྷ་བཅུ་གསུམ། ལྕམ་སྲིང་འཁོར་མང། དུར་བདག་ཡབ་ཡུམ། མགོན་པོ་ཕྱག་བཞི་པ། མགོན་དཀར། མགོན་དམར། མགོན་སེར། མགོན་ལྗང་བཅས་ཀྱི་རྗེས་གནང་འབྲས་སྤུངས་སྤར་མའི་ [012B] ལྷ་བཙུན་དོན་གྲུབ་རྒྱལ་མཚན་ཡན་ཟུར་བཀའ་བརྒྱ་རྩ་རང་གི་རྗེས་གནང་གཏོང་ཚུལ་གྱི་ཡིག་ཆའི་གཤམ་དུ་གསལ་བ་ལྟར་དང། དེ་ནས་རྗེ་འཇམ་དབྱངས་འཕྲིན་ལས། ལྷོ་སྤྲུལ་དག་དབང་མཁྱེན་རབ་ བསྟན་པའི་དབང་ཕྱུག། བྲག་རི་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་བོས། བདག་ལ་དགྱེས་བཞིན་དུ་སྩལ་བའོ།། །། ༈ རྗེ་བཙུན་དངུལ་ཆུ་བའི་ཡིག་ཆའི་སྟེང་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་རས་ བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེགས་པར་ཐོབ་པའི་བརྒྱུད་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ལས། དང་པོ་རིང་བརྒྱུད་ནི། ཇོ་བོ་ཆེན་པོ་ཨ་ཏི་ཤ། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། རྡོག་ལེགས་པའི་ཤེས་རབ༑ མངའ་ རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ཀ་མ་བ་རིན་ཆེན་རྒྱལ་མཚན། ཞད་སྟོན་དར་མ་རྒྱལ་མཚན། སྟབས་ཀ་བ་བྱང་ཆུབ་བཟང་པོ། སྟབས་ཀ་བ་ནམ་མཁའ་རིན་ཆེན། འབྲོམ་གཞོན་ནུ་བློ་གྲོས། སྣར་ཐང་ མཁན་པོ་ཉི་མ་རྒྱལ་མཚན། གླིང་ཁ་བ་རིན་ཆེན་བྱང་ཆུབ། རྒྭ་ལུང་པ་རིགས་ཀྱི་བདག་པོ་དཔལ། རྒྭ་ལུང་པ་བྱང་ཆུབ་དཔལ། ཉུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། གོས་སྔོན་ཆུ་སེར་རབ་སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་ ནམས་བཟང་པོ། བླ་མ་དཔལ་ལྡན་པ། ནམ་མཁའ་འོད་ཟེར། གནས་བརྟན་ཡེ་ཤེས་ཚུལ་ཁྲིམས། མཁན་ཆེན་རཏྣ་ཨ་ཀ་ར་ཤཱནྟི། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། རྗེ་ཀུན་དགའ་ [013A]༄༅། །ལེགས་གྲུབ། རྗེ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་མཆོག་ལེགས་རྡོ་རྗེ། ཆོས་རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། ཆོས་རྗེ་མཁྱེན་རབ་ངག་དབང་ལྷུན་གྲུབ། རྗེ་འཕྲིན་ལས་རྣམ་རྒྱལ། རྗེ་རིན་ཆེན་ བསོད་ནམས་མཆོག་གྲུབ། ཀུན་མཁེན་ལྔ་པ། ཡང་ན། གཉུག་ལ་པཎ་ཆེན་ནས། ལྕགས་ཐང་རབ་འབྱམས་པ་བསོད་ནམས་དཔལ་ལྡན། ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ཆོས་རྗེ་ངག་དབང་རྣམ་རྒྱལ། འཇམ་ དབྱངས་ངག་དབང་བསོད་ནམས་དབང་ཕྱུག། ཁྱབ་བདག་ཞྭ་ལུ་བ་ཆེན་པོ། ཀུན་གཟིགས་ལྔ་པ་རྗེ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། མཁན་བསོད་ནམས་གྲགས་པ། བླ་མ་གྲགས་ པ་ཆོས་འཕེལ། བདེ་ཆེན་མཉམ་ཉིད་རྡོ་རྗེ། རྗེ་བླ་མ་མཚུངས་མེད་སྐྱབས་མཆོག་གང་རྒྱ་རིན་པོ་ཆེ་ངག་དབང་བྱང་ཆུབ་ཚུལ་ཁྲིམས་དཔལ་བཟང་པོ། དེས་བདག་ལའོ། །ཉེ་བརྒྱུད་འབྲོམ་ལས་ཆོས་འདི་དངོས་སུ་གསན་པ་རྒྱལ་མཆོག་ལྔ་པ་ཆེན་པོ། དེས་ རྗེ་དགེ་ལེགས་རྒྱ་མཚོ་མན་འདྲའོ།། །། ༈ དཔལ་འཁོར་ལོ་སྡོམ་པའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་གསུངས་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་གྲུབ་རྒྱལ་ལུགས་སུ་གྲགས་པའི་ཚེ་དབང་ ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། མ་གཅིག་གྲུབ་པའི་རྒྱལ་མ། ཏེ་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་ཆེན། དྭགས་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་ [013B] སྤྱན་སྔ་ཆོས་ཀྱི་རྒྱལ་པོ། རྒྱལ་ང་ཡང་དགོན་ཆོས་རྗེ། སྤྱན་སྔ་རིན་ཆེན་ཆོས་ལྡན། ཀུན་མཁྱེན་ཟུར་ཕུག་པ་རིན་ཆེན་དཔལ་བཟང། འབའ་ར་བརྒྱལ་མཚན་དཔལ་བཟང། སྐྱེས་མཆོག་ཨཱ་ནནྟ་པ། ཆོས་རྗེ་ དཔལ་འབྱོར་རྒྱལ་མཚན། ཡབ་རྗེ་ཀུན་དགའ་རྒྱལ་མཚན། རྒྱལ་བ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་དཔལ་བཟང་པོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། དཔལ་འབྱོར་འཕྲིན་ ལས་རབ་རྒྱས། ཀུན་གཟིགས་ལྔ་པ་ཆེན་པོ། གནས་བརྟན་འཇམ་དབྱངས་གྲགས་པ། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། ཕུར་ལྕོག་ངག་དབང་བྱམས་པ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན། རྒྱལ་ བ་འཇམ་དཔལ་རྒྱ་མཚོ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རྒྱལ་སྲས་སྐལ་བཟང་བསྟན་འཛིན། གྲུབ་མཆོག་སྐལ་བཟང་མཁས་གྲུབ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇམ་དཔལ་ལྷུན་གྲུབ་ རྒྱ་མཚོ་དཔའ་བཟང་པོའི་ཞལ་སྔ་ནས། བདག་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་སྕལ་བའོ། །ཡང་ན་འབའ་ར་བརྒྱལ་མཚན་དཔལ་བཟང། ཆོས་རྗེ་ཤེས་རབ་དཔལ་བཟང། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང། རྗེ་རིན་ཆེན་བཤེས་ གཉེན། མཚུངས་མེད་སངས་རྒྱས་རྒྱ་མཚོ། རྗེ་བཙུན་སྐྱབས་མཆོག་དཔལ་བཟང། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱུད་ཆེན་དཀོན་མཆོག་རྒྱལ་མཚན། དཀའ་ཆེན་བསོད་ནམས་ [014A]༄༅། །གྲགས་པ། རྗེ་བཙུན་བློ་བཟང་ཡེ་ཤེས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མན་འདྲ། ཡང་ན་པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་དབང་ལྔ་པ་ཆེན་པོ། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་མཆོག་བསྐལ་བཟང་རྒྱ་ མཚོ༑ རྗེ་ངག་དབང་བྱམས་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཚོ་མན་འདྲའོ།། །། ༈ །གཉིས་མེད་བདེ་ ཆེན་ལ་སྦྱོར་ཕྱག་རྒྱའི་གར། །ཞི་དང་ཁྲོ་བོའི་རྣམ་འགྱུར་མ་ངེས་པ། །ཅིར་ཡང་སྟོན་པ་མཁས་འཁོར་ལོའི་མགོན་དེས་སྐྱོངས། །འདི་ན་སངས་རྒྱས་ལས་དཀོན་ཞེས། །ལན་བརྒྱར་བསྔགས་འོས་རྡོ་རྗེའི་ཐེག་གང་དེར་སྨིན་བྱེད་བྱིན་རླབས་རིམ་ ཇི་ལྟར་ནོས་པའི་ཐོབ་བྱང་འགོད། །ལྕང་ལུང་པཎྜི་ཏའི་ཡིག་ཆའི་སྟེང་ནས་ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་ཡོངས་རྫོགས་ཐོབ་པའི་གྲངས་དང་བརྒྱུད་པ་ཆངས་ཅིག་ཏུ་འགོད་ལ། ཕྱག་རྡོར་དོན་དམ་སེམས་བསྐྱེད་དམ་ཉེ་སྲྀས་བརྒྱད་ཀྱིས་བསྐོར་བ་ ཕྱག་རྡོར་སྐུ་ལ། ཕྱག་རྡོར་སེམས་དཔའ་སུམ་བརྩེགས། ཕྱག་རྡོར་ཞལ་གསུམ་ཕྱག་དྲུག་བདུད་རྩི་ཐིགས་པ། ཕྱག་རྡོར་སྐུ་ལྔའི་ཆིངས་སྦྱོར་བ་ཕྱག་རྡོར་གཏུམ་པོ་མེ་འབར་དྲག་པོ། ཕྱག་རྡོར་དྲག་པོ་གསུམ་སྒྲིལ་བཅས་རྗེས་གནང་བཅུ་ལེགས་པར་ ཐོབ་པའི་ འདི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲས་ལས་ཏ་ནང་གསེས་རྗེས་གནང་ལྔ་ཡོད། བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། ལྷོ་དྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྗེ་བཙུན་ཙོང་ཁ་པ་ཆེན་པོ། དོ་གཉིས་ཀ་ལས་གཉལ་གུ་སྣང་ཆོས་རྗེ་མཛེས་པ་དཔལ་ལྡན་ [014B] བློ་གྲོས་མཆོག་ འདི་གསན་ཡིག་གངྒླ་ན་མི་སྣང། གསན་ཡིག་ལ་འདི་གཉིས་མེད་པ་མང་ཞེས་ཀློང་རྡོ་ནས་གསུངས་ ལྡན་མཛེས་པ། སེང་གེ་དཔལ་ལྡན་མཛེས་པ། རྗེ་ཎམ་མཁའ་དཔལ་མཇོས།ནམ་མཁའ་ཆོས་བཟང་མཛེས་པ། ནམ་མཁའ་འོད་མཛེས་བཟང་པོ། ནམ་མཁའ་ལྷུན་གྲུབ་དང་མཛེས། ནམ་མཁའ་མཛེས་པ་དཔལ། ནམ་མཁའ་བསོད་ནམས་འོད་ མཛེས་དཔལ། འབྱོར་དོན་ཡོད་མཛེས་པ། བླ་མ་ཤེས་རབ་གྲགས་མཛེས། སེམས་དཔའ་ཆེན་པོ་ཉི་ཟླ་འོད་མཛེས། དཔལ་ལྡན་མགོན་པོ་མཛེས་པའི་རྡོ་རྗེ། མགོན་པོ་མཛེས་པའི་དབང་ཕྱུག་འཕགས་པ་ བསྟན་དར། བསོད་ནམས་ལུང་རིགས། ཆུ་དབང་བླ་མ་དགེ་འདུན་བཀྲ་ཤིས། གྲུབ་དབང་ཀློང་རྡོལ་ངག་དབང་བློ་བཟང། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། གུང་ཐང་ དཀོན་མཆོག་བསྟན་པའི་རྒྱ་མཚོ། མཁན་པོ་ཆོས་དར་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ལྷོ་སྤྲུལ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག། སྐྱབས་མགོན་བཀའ་དྲིན་མ་ཚུངས་མེད་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་ པོའི་ཞལ་སྔ་ནས། བདག་ལ་སྩལ་པའོ།། །། སྐྱིད་ཤོད་དགའ་བ་གདོད་དུ་མགོན་པོ་འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་གཉེན་དང། བླ་མ་དབུ་མ་པ་ལོ་འའི་ཚུལ་མཛད་དེ་རྗེ་བཟླ་མ་ཙོང་ཁ་པ་ཆེན་པོ་ལ་སྤྱིར་མདོ་སྔགས་ཀྱི་ཆོས་ མཐའ་ཡས་པ་དང། ཁྱད་པར་འཇམ་དཔལ་དབྱངས་དང་རྗེས་སུ་འབྲེལ་བའི་ཟབ་ཆོས་མང་དུ་གསུངས་པའི་ནང་ནས། ཐུན་མོང་མ་ཡིན་པ་འཇམ་དབྱངས་ཆོས་སྐོར་དུ་གྲགས་པའི་རྗེས་གནང་ཡོངས་རྫོགས་ཐོབ་པའི་གྲངས་དང་བརྒྱུད་པ་ནི། འཇམ་དབྱངས་ [015A]༄༅། །ཨ་ར་པ་ཙ་ན་ ཆུ་བཟང་གསན་ཡིག་ཏུ་དཔའ་བེ་གཅིག་པ་དང་ཨ་ར་པ་ཙ་སོ་སོར་དུག་ཀྱང་རྗེས་གནང་གི་གཞུང་དུ་གཅིག་ལ་མེད། འཇམ་དབྱངས་ལུས་དཀྱིལ། འཇམ་དབྱངས་གསང་སྒྲུབ། འཇམ་དབྱངས་ནང་སྒྲུབ། བདེ་མཆོག་དཀར་པོ། རྗེ་བཙུན་རྡོར་ཇེ་རྣལ་འབྱོར་མ་ནག་མོ། སྒྲོལ་དཀར། ཆོས་རྒྱལ་ཕྱི་ནང་གསང་གསུམ་བཅས་ ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང། རྗེ་བཙུན་འཇམ་དཔལ་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ། རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ། རྗེ་ཆོས་བཟང་ དཔལ་བ། རྗེ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་ཆོས་ལྡན་པ། དམར་སྟོན་ཚུལ་ཁྲིམས་རིན་ཆེན། སྔགས་རམ་པ་དགེ་འདུན་བཀྲ་ཤིས། རྒྱལ་བ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། ཕ་བོང་ཁ་བ་ དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ལྔ་པ་ཆེན་པོ། གནས་བརྟན་འཇམ་དབྱངས་གྲགས་པ། ཁྲི་བློ་གྲོས་རྒྱ་མཚོ། སྟོང་འཁོར་བ་བསོད་ནམས་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། གུང་ཐང་བསྟན་པའི་ སྒྲོན་མེ། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། བདེ་ཆེན་མཉམ་ཉིད་རྡོ་རྗེ། སྐྱབས་མགོན་བཀའ་དྲིན་མཚུངས་མེད་བྲག་རི་རྡོ་རྗེ་འཆང་ བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ། དེས་བདག་ལའོ། །ཡང་ན་ལས་གཤིན་ཕྱི་ནང་གསང་གསུམ་གྱི་བརྒྱུད་ལུགས་གཅིག་ནི། རྗེ་རིན་པོ་ཆེ་ནས། མཁས་གྲུབ་དགེ་ལེགས་དཔལ་བཟང། རིན་པོ་ཆེ་ཆོས་བཟང། དགེ་འདུན་གྲུབ། ཆོས་རྗེ་ཀུན་དགའ་ [015B]དབུད་རྒྱ་མཚོ། སློབ་དཔོན་ཆོས་གྲགས་བོད་ཟེར། ཆོས་རྗེ་ནམ་མཁའ་བཟང་པོ། དཔལ་འབྱོར་ལྷུན་གྲུབ་མན་འདྲ། ༈ ཡི་དམ་སྤྱི་འགྲོའི་རྗེས་གནང་གི་ཆིངས་སྦྱར་ཏེ་མན་ངག་ཞལ་ཤེས་དུ་མས་བརྒྱན་ཏེ་གནང་སྲོལ་ལས་རྗེས་གནང་གི་ཡི་གེ་ལོགས་སུ་མེད་ནའང། དུས་ཕྱིས་མཁས་གྲུབ་ཆེན་པོ་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་ཕྱག་བཞེས་མན་ངག་ཉམས་པར་དགོངས་ནས་ རྗེའི་དགོངས་པ་ཇི་ལྟ་བ་ཆ་ཤས་ཕྲ་མོ་ཙམ་ཡང་འཁྲུལ་བ་མེད་པའི་མན་ངག་ཤིན་ཏུ་ཟབ་པ་ཞལ་ལུང་རྡོ་རྗེའི་རུ་མཚོན་ཞེས་བྱ་བའི་སྒྲུབ་ཐབས་དང། རྗེས་ཆོག་ནག་འགྲོས་སུ་མཛད་པ་དེའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་ཞི་ ཁྲོ༑ རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ། འདུལ་ནག་པ་དཔལ་ལྡན་བཟང་པོ། རྒྱུད་ཆེན་དགེ་འདུན་འཕེལ། རྒྱུད་ཆན་བཀྲ་ཤིས་འཕགས། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་ དཀོན་མཆོག་ཡར་འཕེལ། འཇམ་བཞད་ངག་དབང་བརྩོན་འགྲུས། སྡེ་ཁྲི་བློ་བཟང་དོན་གྲུབ། བཤེས་གཉེན་བླ་བཟང་སྙན་གྲགས། ངག་དབང་བསྟན་པའི་སྒྲོན་མེ། ཞི་སྤྲུལ་འཇིགས་མེད་རྒྱ་མཚོ། མཆོག་སྤྲུལ་དགེ་ལེགས་བསྟན་འཛིན། བླ་མ་ དམ་ཚིག་རྡོ་རྗེ། སྔགས་ཆེན་བསྟན་འཛིན་དཔལ་འབྱོར། སྔགས་ཆེན་དཔལ་ལྡན་གྲགས་པ། ཡོངས་འཛིན་བསྟན་པའི་རྒྱལ་མཚན། ཤར་ཆེན་ངག་དབང་ཚུལ་ཁྲིམས། བཀའ་དྲིན་མཚུངས་མེད་རྗེ་དངུལ་ཆུ་བ་ཆེན་པོ་བློ་བཟང་འཇིགས་མེད་ [016A]༄༅། །དབང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་དུ་བཀའ་དྲིན་སྩལ་ཏོ། །དེའི་ཡིག་ཆའི་ལུང་གི་བརྒྱུད་པ་ནི་མཛད་པ་པོ་ཤར་ཆེན་ངག་དབང་ཚུལ་ཁྲིམས་མན་རྗེས་གནང་དང་འདྲའོ།། ༈ །།འཇིགས་ བྱེད་དམར་པོ་མདའ་གཞུ་འགེངས་པའི་དུག་དབང་ཟབ་མོ་ཐུན་མོང་མ་ཡིན་པ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་ཡིག་ཆ་བདུད་རྩིའི་ཆུ་རྒྱུན་གྱི་སྟེང་ནས་དམ་པའི་ཕྱག་བཞེས་མ་ཉམས་པར་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། རོ་ ལངས་མ། ལ་ལཱི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྤས་པ། པདྨ་བཛྲ། བལ་པོ་བྷ་རོ་ཕྱག་སྡུམ། རྭ་ལོ་ཙཱ་བ། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ་ བྲག་ཐོག་པ་བསོད་ནམས་བཟང་པོ། ཆོས་རྗེ་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། སློབ་དཔོན་ཚུལ་ཁྲིམས་བཀྲ་ཤིས། རྗེ་ཕྲིན་ལས་རྣམ་རྒྱལ། བློ་བཟང་རྣམ་རྒྱལ། སྐུ་སྐྱེ་ངག་ དབང་བསྟན་འཛིན་འཕྲིན་ལས། རྡོར་འཛིན་བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཡེ་ཤེས། འཚོ་བྱེད་དགེ་འདུན་དོན་གྲུབ། རྗེ་ངག་དབང་བྱམས་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས། གསོལ་ཡེ་ཤེས་མཁས་མཆོག། པཎ་ཆེན་བསྟན་པའི་ཉི་མ། ཡོངས་ འཛིན་བློ་བཟང་བསྟན་འཛིན། དཀའ་ཆེན་དགེ་ལེགས་རྒྱལ་མཚན། བདེ་ཆེན་སྤྲུལ་སྐུ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ། བཀའ་དྲིན་ཟླ་བྲལ་སྐུ་ཚ་བློ་བཟང་འཇིགས་མེད་དབང་པོའི་ཞལ་སྔ་ནས་བདག་ལའོ།། །། ༈ [016B] །ཟབ་ཞི་འོད་གསལ་དབྱིངས་སུ་རོལ་པའི་གར། །ཅིར་ཡང་སྟོན་མཛད་ཁྱབ་བདག་གདོད་མའི་མགོར། །མི་ཡི་ཚུལ་བཟུང་དྲིན་ཆན་བླ་མས་སྐྱོངས། །འདི་ན་ཟབ་ལས་ཡང་ཟབ་སྙན་བརྒྱུད་ཅེས། །སྙིང་གི་དཀྱིལ་ དུ་སྦ་འོས་གཅེས་པའི་ནོར། །ཚེ་གཅིག་ཟུང་འཇུག་སྒྲུབ་པའི་ཉེ་ལམ་མཆོག་མདང་མཁའ་འགྲོའི་ཐུགས་ཀྱི་བཅུད་ཕྱུང་བ། །མཚུངས་མེད་བླ་མ་མཉས་པའི་ཞལ་སྒོ་ནས། །བྱིན་རླབས་མངར་པོའི་དྲོད་ངག་འཐུལ་བཞིན་པར། །སྙིང་གི་བུམ་ནང་ལྷུག་པར་ འཇོ་བ་ཡི། །གྲངས་དང་བརྒྱུད་པའི་ཐོ་བྱང་སྤེལ་ལ་སྤྲོ། །དེ་ཡང་དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལ་རྣལ་འབྱོར་བླ་ན་མེད་པ་དང་རྗེས་སུ་འབྲེལ་བའི་གདམས་པ་རྒྱ་མཚོ་ལྟ་བུ་བཞུགས་པའི་ནང་ནས་གཙོ་བོར་གྱུར་པ། ས་སྐྱའི་ལྕགས་རི་ལས་མི་འདའ་བའི་ཟབ་ ཆོས་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡོངས་རྫོགས་སྟག་ཕུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གིས་གསེར་ཆོས་ཡོངས་རྫོགས་ཀྱི་རྗེས་ཆོག་ནག་འགྲོས་སུ་མཛད་པའི་གསུང་གི་སྟེང་ནས་ལེགས་པར་ནོས་པའི་དཀར་ཆག་དང་བླ་ མ་བརྒྱུད་པ་ཆབས་ཅིག་ཏུ་འགོད་པ་ལ། རྣལ་འབྱོར་མཁའ་སྤྱོད་སྒྲུབ་པའི་ཉེ་བའི་ལམ། །སྡིག་ཅན་ཐར་པར་བགྲོད་པའི་ གསང་ལམ་མཆོག་ནཱ་རོ་ཏ་པའི་ཆིག་བརྒྱུད་སྙིང་གི་གཏམ། །ས་སྐྱའི་བླ་ཆེན་བརྒྱུད་པའི་གསེར་ཆོས་འདི། །སྙན་བརྒྱུད་རྒྱ་མཚོའི་མང་བདག་རྡོ་རྗེ་འཆང། །ཀུན་སྤངས་ཆོས་རྗེའི་ཞལ་ལས་ཐོས་གྱུར་ནས། །ཞེས་པ་ལྟར་གྲུབ་པའི་དབང་ཕྱུག་ནཱ་རོ་ཏ་ [017A]༄༅། །པས་སློབ་མ་གཞན་ལ་མིང་ཙམ་ཡང་མ་གསུངས་པར་བལ་པོ་ཕམ་མཐིང་པ་མཆེད་གཉིས་པོ་ཁོ་ནར་གནང་བའི་ཟབ་ཆོས་རྗེ་བཙུན་རྡོར་ཇེ་རྣལ་འབྱོར་མར་གྲགས་པའི་གདམས་པ་ཟབ་མོ། དབང་པོ་རབ་འབྲིང་ལུས་མ་སྤངས་ པར་མཁའ་སྤྱོད་དུ་བགྲོད་ཆུས་ཤིང། ཐམ་ཡང་བར་དོར་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མཁའ་སྤྱོད་དུ་འཁྲིད་པར་ངེས་པའི་གདམས་པ་ཟབ་པ་ལས་ཀྱང་ཆེས་ཆེར་ཟབ་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྐོར་ལས། སིནྡྡཱུ་རའི་དཀྱིལ་འཁོར་དུ་དབང་བཞི་ བྱིན་རླབས། ཕག་མོ་ཞལ་གཉིས་མ་དང། བཅོམ་ལྡན་འདས་མ། བདེན་གཉིས་ཞལ་དུ་གྲགས་པའི་སིནྡྷཱུ་རཱི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས། བ་གྱེན་བརྫེས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་མཻ་ཏྲི་པས་ལེགས་པར་བཀྲལ་བའི་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པ་བརྩེན་མའམ། མཻ་ཏྲི་མཁའ་སྤྱོད་དུ་གྲགས་པའི་སིནྡྷུ་རཱི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་བཅས་མྐཧཱ་སྤྱོད་སྐོར་གསུམ་དང། དཀར་ཆག་ལས། བསྟན་པའི་བདག་པོ་ས་སྐྱ་པའི། །གསང་ལས་ཡང་གསང་གསེར་གྱི་ཆོས། །དམར་པོ་སྐོར་གསུམ་ཞེས་གྲགས་པ། །ཞེས་པ་ལྟར་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཁྱད་པར་ཅན་གྱི་གདམས་པ་ཐུན་མོང་སྒྲུབ་པས་མཆོག་ཞར་ལ་འགྲུབ་ པ་དམར་ཆེན་སྐོར་གསུམ་ལས། ཀུ་རུ་ཀུ་ལླེ་དཔའ་མོ་གཅིག་སྒྲུབ་ཀྱི་རྗེས་གནང་ཐུན་མོང་བ་དང། ཐུན་མོང་མ་ཡིན་པ། གསང་སྒྲུབ་གསུམ། [017B] ཐུན་མོང་མ་ཡིན་པ་ཁྱད་པར་བ་གསུམ། ཆུང་སྐོར་གསུམ་ལས་ཀུ་རུ་ཀུལླེ་དཔལ་མོ་གསེར་གྱི་སྙིང་ཐིག་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཁྱད་པར་ཅན། སིནྡྷུ་ར། དྲིལ་བུ་རྣམས་ལ་བརྟེན་ནས་ལྷ་མོ་ཏི་ ནུའམ། ཙྞྜི་ཀ་དམར་མོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཅས་དམར་ཆུང་སྐོར་གསུམ་དང། གཙོ་སྐྱང་གི་རྗེས་གནང། གསེར་ཆོས་བཅུ་གསུམ་གྱིས་ཏེང་དུ་གཅིག་བསྣན་བས་ཀླུ་པའི་གསེར་ ཆོས་བཅུ་བཞིར་གྲགས་པའི་ཡ་གྱལ་སེང་གེ་སྒྲའི་རྗེས་གནང་བཅས། དམ་པའི་ཕྱག་ལེན་འཁྲུལ་མེད་བཞིན་ལེགས་པར་ནོས་པའི་བརྒྱུད་པ་ནི། སྟག་ཕུ་ཆོས་ཀྱི་དབང་ཕྱུག་ཡན་སྒྲུབ་ཡིག་ལྟར་ལ། དེ་ནས་གུང་ཐང་འཇམ་པའི་དབྱངས། དཔལ་མང་དཀོན་ མཆོག་རྒྱལ་མཚན། བྲག་སྒྲོ་མ་དཀོན་མཆོག་བསྟན་པ་རབ་རྒྱས། ཤར་ཆེན་ངག་དབང་ཚུལ་ཁྲིམས། དེས་ངེས་དོན་གྱི་མཁས་གྲུབ་ཆེན་པོ་རྗེ་བཙུན་དངུལ་ཆུ་བ་བློ་བཟང་འཇིགས་མེད་དབང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་དུ་བཀའ་དྲིན་ [018A]༄༅། །དྲིན་སྩལ་བའོ།། །། ༈ །ཅིར་ཡང་རོལ་བའི་སྒྱུ་འཕྲུལ་རང་སྣང་ལས། །དུས་འདིར་གསུམ་ལྡན་ངུར་སྨྲིག་ཟློས་གར་མཁན། །དྲིན་ཅན་བླ་མ་འབྲལ་ མེད་སྙིང་དབུས་རོ། །འདི་ན་སངས་རྒྱས་ལས་དཀོན་རྡོ་རྗེ་ཐེག་གང་གི་བྱིན་རླབས་ཟབ་གསང་ཨྀ་མྲ་ཏ། །མཚུངས་མེད་བླ་མའི་ཐུགས་རྗེས་ཆ་ཤས་ཙམ། །སྙིང་གི་བུམ་པར་བསྐྱིལ་རྣམས་ཐོབ་བྱང་འགོད། །རྒྱལ་བའི་དབང་པོ་ཀུན་མཁྱེན་ཕྱག་ན་པདྨོ་དགེ་ འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྱི་ནང་གསལ་ལྷག་པའི་ལྷ་ཡོངས་རྫོགས་ཀྱི་རྗེས་གནང་ནོས་པའི་ལྷ་གྲངས་དང་བརྒྱུད་རིམ་ཕྱོགས་གཅིག་ཏུ་བཀོད་པ་ལ། ཕྱག་བཞི་པའི་རྗེས་གནང། ལོའི་རྗེས་གནང། [018B] ཟོར་གྱལ་མོའི་རྗེས་གནང། དེ་མིན་གཞན་རྣམས་ལ་རྗེ་རང་གི་སྤྱི་འགྲོའི་རྗེས་ཆིངས་དང་སྦྱར་ཏེ་སྩལ་བའི་བརྒྱུད་ པ་ནི༑ ཁྲི་ཆེན་རྡོ་རྗེ་འཆང་འཇམ་དཔལ་ཚུལ་ཁྲིམས་ཡན་དེའི་གསན་ཡིག་ལྟར་ལ། དེ་ནས་ཁྲི་ཆེན་རྡོར་ཇེ་འཆང་ངག་དབང་ནོར་བུ། རྡོ་རྗེ་འཆང་མཁྱེན་རབ་བསྟན་པ་ཆོས་འཕེལ། སྒྱང་ས་མགོན་བཀའ་དྲིན་ཟླ་མེད་བྲག་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་ དཔལ་བཟང་པོ། དེས་བདག་བཙུང་ཟུགས་མཻཏྲི་ཤཱ་ས་ན་དྷ་ར་ལ་དགྱེས་པ་ཆེན་པོས་བཀའ་དྲིན་སྩལ།། །། ༈ །རྗེས་ཆགས་བརྩེ་བས་བསྐུལ་བའི་སྒྱུ་ཕྲུལ་གར། རང་སྣང་འཇའ་གཟུགས་ སྟོང༑ སལ་རྡོ་རྗེའི་སྐུས། །ནམ་མཁའ་ཇི་སྲིད་འགྲོ་བའི་དོན་ལ་རོལ། །རྗེ་གྲུབ་པའི་དབང་ཕྱུག་བསྐལ་བཟང་གར་གྱི་དབང་པོའི་དག་སྣང་ཟབ་ཆོས་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་གསང་བ་བཅུ་གསུམ་མར་གྲགས་པའི་བྱིན་རླབས་ཟབ་མོ་སྨིན་རྒྱས་སུ་ནོས་པ་ལས་ཐོག་ པར། ཡེ་ཤེས་ཀྱི་མཁའ་འགྲོ་བདེ་བའི་རོལ་མཛེས་བཅས་དངོས་སུ་མཇལ་དུས་བླ་མ་མི་ཏྲ་རང་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚེ་སྒྲུབ་ཟ་ [019A]༄༅། །མོ་བྱིན་རླབས་བཅས་གནང་བའི་རྣམ་གྲངས་ལ་བརྟེན་པའི་ཚེ་སྒྲུབ་ངོ་མཚར་བདུད་རྩིའི་བུམ་བཟང་གི་ཚེ་དབང། ཇ༑ བུམ་པ། ཐོད་ཆང། འབྲང་རྒྱས། ཚེ་རིལ་རྣམས་ལ་བརྟེན་ནས་དབང་བཞི་བྱིན་རླབས་མཇུག་ བཀའ་བསྒོ་དང་བཅས་པ། སྐུ་དང། གསང་རྫས་ཐོད་པའི་བདུད་རྩི་ལ་བརྟེན་ནས་དབང་བཞི་བྱིན་རླབས་སྙིང་ཞུགས་དང་བཅས་པ། ནས་གསན་པ། ཐུགས་རྗེ་ཆེན་པོའི་གདམས་སྐོར་ལས་མཎྜལ་དང་གཏོར་མ་ལ་བརྟེན་ནས་ཕྱི་སྒྲུབ་གྲོང་ཁྱེར་ཀུན་སྒྲོལ་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དབང་བཀའ་བསྒོ་བཟླས་ལུང་དང་བཅས་པ། སྟོར་ལ་སངས་རྒྱས་སྟོང་གིས་བསྐོར་བ་དང། ཁྱད་པར་རྒྱལ་བརྒྱ་མཚོའི་རྟེན་བརྟེན་པ་མངོན་སུམ་དུ་གཟིགས་པའི་སྐབས་སུ་གསན་པ་ལྟར། བུམ་པ། ཐོད་ཆང། སིནྡྷུ་རའི་དཀྱིལ་འཁོར་རྣམས་ལ་བརྟེན་ནས། ནང་སྒྲུབ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ བུམ་པ། གསང་རྫས། ཚེ་འབྲང་རིལ་བུའི་སྐོར་ལ་བརྟེན་ནས་ཚེ་དཔག་མེད་ནང་སྒྲུབ་འཆི་མེད་ལྷ་ལྔའི་དབང། [019B] ལ་བརྟེན་པ། བཀའ་བསྒོ་བཟླས་ལུང། དབང་འཁོར་ལ་བརྟེན་ནས་ཐུན་མོང་མ་ཡིན་པ་གསང་སྔགས་སྒྲའི་དབང། ཕྱག་མཚན་སོགས་སྟེར་བ་བརྟུལ་ཞུགས་ཀྱི་རྗེས་གནང་དང་བཅས་པ། དང་པོ་རྡོ་རྗེ་ཕག་མོའི་དབང་བཞི་བྱིན་རླབས་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་སྐུ་ཚོམ་བུའི་དཀྱིལ་འཁོར། གསུང་བདུད་རྩིའི་དཀྱིལ་འཁོར་ཐུགས་སིནྡྷུ་རའི་དཀྱིལ་འཁོར་རྣམས་ལ་བརྟེན་གཡང་གསང་ཐུན་མོང་མ་ཡིན་པ་གཏུམ་མོའི་མེ་དབང་དང་བཅས་པ། ལོ་ཉེར་གཅིག་པ་ཤིང་མོ་སྦྲུལ་ལོར་མི་ཏྲ་ལས་དངོས་སུ་གསན་པ་གསང་བདག་དཔའ་བོ་གཅིག་པ་བགེགས་ཚར་གཅོད་ཀྱི་རྗེས་གནང་གཏོར་མ་ལ་བརྟེན་པ། མཇུག་བཀའ་བསྒོ་དང་བཅས་པ། རྣལ་འབྱོར་དབང་མོ་བདེ་ བའི་རོལ་མཛེས་ཀྱི་བྱིན་རླབས་གཏོར་མ། བུམ་པ། རྡོ་དྲིལ་ཌཱ་མ་རུ་རྣམས་ལ་བརྟེན་པ་བཀའ་བསྒོ་དང་བཅས་པ། གཏོར་མ། བུམ་པ། ཐོད་ཆང། རྡོར་དྲིལ། ཌཱ་མ་རུ་རྣམས་ ལ་བརྟེན་པ། བཀའ་བསྒོ་དང་བཅས་པ་བཀའ་རྒྱ་ཤིན་ཏུ་དམ་པ་མངོན་སྤྱོད་ལས་ཀྱི་རྗེས་གནང་བཅས་ཐོབ་པའི་བརྒྱུད་པ་ནི། འཕགས་མཆོག་སྤྱན་རས་གཟིགས། མི་ཏྲ་ཛོ་གི། རྗེ་གར་གྱི་དབང་པོ། རྭ་སྐུ་ཆེན་བློ་བཟང་བསྟན་པའི་དངོས་གྲུབ་རཱ་སྐུ་ཆུང་བློ་བཟང་བྱམས་པ་ [020A]༄༅། །བསྟན་འཕེལ་མདོ་སྨད་བྱ་མེ་མཁན་ཟུར་བཟོད་པ་རྒྱ་མཚོ། ཡོངས་འཛིན་དགེ་འདུན་རྒྱ་མཚོ། ལྷོ་སྤྲུལ་རིན་པོ་ཆེ། ངེས་དོན་གྲུབ་པའི་དཔའ་བོ་བཀའ་དྲིན་མཚུངས་མེད་སྟག་ཕུ་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བློ་བཟང་དཔལ་ ལྡན་འཇམ་དཔལ་བསྟན་པའི་དངོས་གྲུབ་དཔལ་བཟང་པོ། དས་བདག་ལའོ།། །། ༈ རྒྱལ་བའི་བསྟན་སྲུང་ཀུན་གྱི་ནང་ནས་གཙོ་བོར་གྱུར་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞེས་སྐྱེས་བུ་ཆེན་པོའི་སྒོས་ཀྱི་ཆོས་སྐྱོང་དུ་བསྔགས་ པ་དེ་ཉིད་ཀྱི་བཀའ་མི་འདྲ་བ་བཅུ་གསུམ་གྱི་རྗེས་གནང་ལེགས་པར་ནོས་གྲངས་དང་བརྒྱུད་ཐོ་ཆབས་ཅིག་སྤེལ་བ་ལ། ཐོག་མར་གཏོར་དབང་བར་ཆད་ཀུན་སེལ། རྗེས་གནང་བརྡ་ཆད་ཀུན་སེལ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། བླ་མགོན་དབྱེར་ མེད་སྐོར་ལ། ཞི་བ་གྲིབ་སེལ། རྒྱས་པ་བླ་མགོན་དབྱེར་མེད། མཁའ་འགྲོ་དབང་སྡུད་གནད་དབབ་གཅིག་ཏུ་བྱས་པ། གསང་སྒྲུབ་མགོན་པོ་མཆིན་ཁ། ནང་སྒྲུབ་རྒྱན་ཅན། མགོན་པོ་དབང་རྒྱལ། མགོན་པོ་ཚེ་བདག། སར་ཧའི་མགོན་པོ་ཁྲག་ འཐུང། ལྷ་བཞི་དྲིལ་སྒྲུབ། མགོན་དཀར་ཡིད་བཞིན་ནོར་བུ་བཅས་ཀྱི་རྗེས་གནང་བཅུ་གསུམ་དང། ཆེས་ཤིན་ཏུ་གསང་བ་སྙིང་ཞུགས་ཀྱི་རྗེས་གནང་བཅས་མགོན་པོ་བཀའ་ཆེན་བཅུ་གསུམ་མམ། བཅུ་བཞིར་གྲགས་པ་དང། དེའི་གྲངས་སུ་མི་ཐེ་བའི་ ཕྱག་མཚན་དྲུག། ཆས་གོས། སིནྡྷུ་ར་རྣམས་ཀྱི་བརྟུལ་ཞུགས་ཀྱི་རྗེས་གནང་བཅས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཕྱག་ལེན་གཙང་མ་ཤིན་ཏུ་རྒྱས་པ་དང་བཅས་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་ཡིག་ཆའི་ [020B] གཏོར་དབང་བར་ཆད་ཀུན་སེལ། རྗེས་གནང་བར་ཆད་ཀུན་སེལ། དབང་བཞི་བྱིན་རླབས་གསུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཤ་བ་རི། རྗེ་བཙུན་མཻ་ཏྲི་པ་ མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མུས་ཆེན་རྒྱལ་མཚན་དཔལ་བཟང། སྔགས་འཆང་ རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང། མཚུངས་མེད་བཟང་པོ་རྒྱལ་མཚན། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཆེན། སྔགས་རམ་པ་དགེ་འདུན་ བཀྲ་ཤིས། རྒྱལ་བ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་ཆོས་དཔལ་བཟང་པོ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲུབ། རྒྱལ་དབང་ལྔ་པ་ཆེན་པོ། གནས་བརྟན་འཇམ་དབྱངས་གྲགས་པ། ཆ་གན་ནོ་མོན་ཧན་ངག་ དབང་བློ་བཟང་བསྟན་པའི་རྒྱལ་མཚན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། བྲག་རི་རྒྱ་མཚོ་མཐའ་ཡས། ཁྲི་ཆེན་བསྟན་པ་རབ་རྒྱས། གྲུབ་དབང་བསོད་ནམས་དོན་གྲུབ། བློ་བཟང་བསྟན་འཛིན་མཐུ་སྟོབས། བདེ་ཆེན་མཉམ་ཉིད་རྡོ་རྗེ། བྲག་རི་རྡོ་རྗེ་ འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ། མཚུངས་མེད་གང་རྒྱ་རིན་པོ་ཆེ་ངག་དབང་བྱང་ཆུབ་ཚུལ་ཁྲིམས་དཔལ་བཟང་པོ་ནས་བདག་ལའོ། །་མགོན་པོ་ཚེ་བདག། ལྷ་བཞི་དྲིལ་སྒྲུབ། མགོན་དཀར་ཡིད་བཞིན་ནོར་བུ་གསུམ་གྱི་བརྒྱུད་པ་ནི། རྡོ་རྗེ་ [021A]༄༅། །འཆང། སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། གྲུབ་ཆེན་རཱ་ཧུ་ལ་གུཔྟ། ཁྱུང་པོ་རྣལ་འབྱོར་མན་གོང་དང་འདྲ། ་ས་ར་ཧའི་མགོན་པོ་ནི། རྡོ་རྗེ་འཆང། ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་ཐོད་ཕྲེང། གྲུབ་ ཆེན་ཤ་བ་རི། མངའ་བདག་མཻ་ཏྲི་པ། ཁྱུང་པོ་རྣལ་འབྱོར་མན་འདྲ། ་བླ་མགོན་དབྱེར་མེད་ནི། མཁས་གྲུབ་ཡན་གོང་ལྟར་ལ། དེ་ནས་བ་སོ་པ། རིན་ཆེན་བཤེས་གཉེན། སངས་རྒྱས་རྒྱ་མཚོ། སྐྱབས་མཆོག་དཔལ་བཟང། རྒྱལ་བ་བློ་བཟང་ དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྗེ་འཇམ་དབྱངས་གྲགས་པ། རྗེ་ངག་དབང་བསྟན་འཛིན། གནས་བརྟན་འཇམ་དབྱངས་གྲགས་པ་མན་འདྲ། ་མགོན་པོ་གྲིབ་སེལ། མཁའ་འགྲོ་དབང་སྡུད་ གསང་སྒྲུབ་མཆིན་ཁ། མགོན་པོ་དབང་རྒྱལ་བཅས་ཀྱི་བརྒྱུད་པ་ནི། མཁས་གྲུབ་རིན་པོ་ཆེ་ཡན་སྔར་ལྟར་ལ། དེ་ནས་གྲུབ་ཆེ་ན་བཟང་པོ་རྒྱལ་མཚན། རྗེ་དགེ་འདུན་རྒྱ་མཚོ། ཐུབ་བསྟན་རྣམ་རྒྱལ། རྒྱལ་བ་བློ་བཟང་དོན་གྲུབ་མན་གོང་དང་འདྲ་ ནང་སྒྲུབ་རྒྱན་ཅན། ལྷ་བཞི་དྲིལ་སྒྲུབ་གཉིས་ནི། མཁས་གྲུབ་ཡན་ས་ར་ཧའི་མགོན་པོའི་བརྒྱུད་པ་ལྟར་ལ། དེ་ནས་བཟང་རྒྱན་པ། ཐུབ་བསྟན་པ་མན་གོང་དང་འདྲའོ། །ཡང་ན་སྙིང་ཞུགས་མ་གཏོགས་པ་གཞན་ཚང་མའི་བརྒྱུད་པ་ནི། མཁས་ གྲུབ་རྗེ་ཡན་གོང་ལྟར་ལ་དེ་ནས་བ་སོ་ཆོས་རྒྱན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྗེ་དཀོན་མཆོག་རྒྱལ་མཚན་ [021B] ཁྲི་ཆེན་བློ་བཟང་དར་རྒྱས། རྗེ་བློ་བཟང་སྦྱིན་པ། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། བྲག་རི་རྒྱ་མཚོ་མཐའ་ཡས་མན་གོང་གི་བརྒྱུད་པ་དང་འདྲ། སྙིང་ཞུགས་ཀྱི་རྗེས་གནང་ཆིག་བརྒྱུད་མ་ དམ་པའི་ཕྱག་ལེན་མ་ཉམས་པར་ལེགས་པར་ནོས་པའི་བརྒྱུད་པ་ནི། མཁས་གྲུབ་ཡན་གོང་ལྟར་དང། དེ་ནས། བ་སོ་བ། རིན་ཆེན་བཤེས་གཉེན་ནས། གནས་བརྟན་འཇམ་དབྱངས་གྲགས་པའི་བར་བླ་མགོན་དབྱེར་མེད་ཀྱི་བརྒྱུད་པ་དང་འདྲ་ལ། དེ་ ནས་ཆ་གན་ནོ་མོན་ཧན་ངག་དབང་བློ་བཟང། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། གསེར་སྡིངས་མཁན་པོ་དགེ་འདུན་འཇིགས་མེད། འབི་ལུང་བླ་མ་ཡོན་ཏན་རྒྱ་མཚོ། གྲུབ་དབང་བློ་བཟང་རྒྱལ་མཚན། ཡོངས་འཛིན་བློ་བཟང་བསྟན་འཛིན། དངུལ་ དུ་དྷརྨ་བྷ་དྲ། དབྱངས་ཅན་གྲུབ་པའི་རྡོ་རྗེ། བློ་བཟང་འཇིགས་མེད་དབང་པོ། མཚུངས་མེད་གང་རྒྱ་རིན་པོ་ཆེ་ངག་དབང་བྱང་ཆུབ་ཚུལ་ཁྲིམས་དཔལ་བཟང་པོ། དེས་བདག་ལ་དགྱེས་པ་ཆེན་པོས་སྩལ་བའོ།། །། ༈ ཞིང་སྐྱོད་ཀྵེ་ཊ་པཱ་ ལའི་ཐུན་མོང་མིན་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང། ཤ་བ་རི། གྲུབ་ཆེན་རཱ་ཧུ་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རིན་ཆེན་བརྩོན་འགྲུས། སྐྱེར་སྒང་བ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་ གྲུབ་ཤངས་སྟོན། མུས་ཆེན་རྒྱལ་མཚན། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང། བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་སྦྱིན་པ་དཔལ་བ། རྗེ་ཆོས་ཀྱི་ [022A]༄༅། །རྒྱལ་མཚན། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། བླ་མ་རིན་ཆེན་བཟང་པོ། ཉང་སྟོན་སངས་རྒྱས་བསམ་འགྲུབ། སེར་རྩེ་དཔལ་འབྱོར་དར་རྒྱས། ཆོས་རྗེ་འོད་ཟེར་རྒྱ་མཚོ། རྗེ་བློ་བཟང་དཔལ་ལྡན། རྗེ་ངག་དབང་ རྡོ་རྗེ༑ རྗེ་བློ་བཟང་ཆོས་ཀྱི་ཉི་མ། རྗེ་སྐལ་བཟང་ཐུབ་བསྟན། ཡེ་ཤེས་དར་རྒྱས། རྗེ་དོན་ཡོད་རྡོ་རྗེ། རྗེ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ། ཤིང་གཟའ་བློ་བཟང་བསྟན་པའི་དབང་ཕྱུག། བཀའ་དྲིན་གྱི་བདག་ཉིད་སྙན་བརྒྱུད་མན་ངག་གི་ གཏེར་མཛོད་ཆེ་ཤོས་རིན་པོ་ཆེ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་ནས་བདག་ལ་དགྱེས་བཞིན་དུ་སྩལ་ཏོ། །ཡང་ན་རྗེ་གསེར་ཁང་རིན་པོ་ཆེ་ནས། ཀོའུ་བ་བློ་བཟང་བསྟན་འཛིན་ཉི་མ། རྗེ་འཇིགས་མེད་བསམ་གཏན། ཆེ་ཤོས་རིན་ པོ་ཆེ་ནས་བདག་ལའོ།། །། ༈ པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བསྐང་གསོ་དང། པཎ་ཆེན་ཆོས་རྒྱན་གྱིས་མཛད་པའི་ཨེ་ཝ་ནས་བྱུང་བའི་རྗེས་ཆོག་སྟེང་ནས་ལྷ་ཆེན་ཆོས་ ཀྱི་རྒྱལ་པོའི་ཡུམ་མཆོག་དུས་མཚན་མའམ་འོད་ཆེན་འབར་མའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང། བྲམ་ཟེ་མཆོག་སྲེད། དཔལ་ལྡན་ས་ར་ཧ། དཔལ་ལྡན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་དྷཱ་ནྟིའམ་བཧི་ཏྲ་ནག་པོ། བླ་ མ་ནག་པོ་རོ་གསོལ། རྟོགས་ལྡན་བྲན་སྟོན་མཐའ་བྲལ། བྲན་ཤེས་རབ་སེང་གེ། རྡོག་ཚ་ཆོས་སྐུ་རྡོ་རྗེ། མན་ལུང་གུ་རུ། གྲུབ་ཆེན་ཀུན་དགའ་བློ་གྲོས། འབྲོང་རྩེ་ལྷ་སྲས་རྗེ། པཎ་ཆེན་ངོ་མཚར་རྒྱ་མཚོ། སྔགས་རམས་པ་ཀུན་དགའ་དཔལ། རྒྱུད་ [022B] པཎ་ཆེན་བློ་བཟང་ཆོས་རྒྱན། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། ཧོར་དཀའ་ཆེན་བློ་བཟང་དོན་གྲུབ་བམ་དམ་ཚིག་རྡོ་རྗེ། པཎ་ཆེན་བློ་བཟང་ཡེ་ཤེས། ཁྲི་ནམ་མཁའ་བཟང་པོ། འདིའི་དོད་ལ་ཡོངས་འཛིན་བློ་བཟང་ བརྗོད་པ་ཞེས་པའང་སྣང། བ་རི་ཉི་ཐད་བླ་མ་ངག་དབང་དོན་གྲུབ། ལྷ་རམས་པ་ངག་དབང་ཡར་འཕེལ། ལྷ་བཙུན་བློ་བཟང་དགེ་ལེགས་བསྟན་འཛིན། རྣལ་འབྱོར་དབང་ཕྱུག་བློ་བཟང་དཀོན་མཆོག། དེ་གཉིས་ལ་རྡོ་རྗེ་འཆང་དཀོན་མཆོག་ རྒྱལ་མཚན། རྗེ་བཙུན་ཤེས་རབ་རྒྱ་མཚོ། བཞད་སྤྲུལ་རིན་པོ་ཆེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག། མཚུངས་མེད་སྟག་བྲག་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་གསུང་རབ་མཐུ་ཐོབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། བདག་ བའོ།། །། ༈ བློ་གྲོས་བཻཌཱུའི་ཆུ་ཁུར་བརྩེགས་པའི་སྤོ། །སྐལ་བཟང་དབྱར་གྱི་གྲགས་སྙན་འབར་བ་ཅན། །ཐུབ་བསྟན་འཛིན་མའི་ཉེར་འཚོ་བདུད་རྩིའི་ཆར། །རྣམ་འཛིན་རྒྱལ་སྲས་དམ་པ་གཙུག་ན་རྒྱལ། །བདེ་གཤེགས་རྒྱལ་ བ་རིན་ཆེན་མང་ཁྱོད་ནི། །སྣ་ཚོགས་གཟུགས་ཀྱིས་ཕོངས་རྣམས་ངལ་བསོའི་ཕྱིར། །རྣམ་མང་ཐོས་པའི་རྒྱལ་པོའི་སྲས་ཀྱི་ཚུལ། །འཛིན་མཛད་བློན་འཁོར་བཅས་ལ་གུས་པས་འདུད། །དེ་ཡང་ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་འདི་ཉིད་ ཀྱི་རྣམ་འགྱུར་མི་འདྲ་བ་བཀའ་བཅོ་ལྔར་གྲགས་པ་མཐའ་དག་ཚར་ཆེན་ཆོས་ཀྱི་རྒྱལ་པོས་གསན་ཅིང་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་དབང་ཆོག་ནོར་འཛིན་དཔལ་མོའི་རྒྱན་ཕྲེང་གི་སྟེང་ནས་སྨིན་བྱེད་ཀྱི་ [023A]༄༅། །རིམ་པ་ལེགས་པར་ནོས་པའི་བརྒྱུད་རིམ་བཀོད་པར། དེ་ལ་ཐོག་མར་དཀར་པོ་ཚེ་འཕེལ་ཡོད་ཀྱང། དབང་གི་སྐབས་རྟེན་འབྲེལ་གྱི་ཆེད་རྗེས་སུ་གནང་བའི་ཕྱག་བཞེས་ལྟར། ཐོག་མར་རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ ཞི་བ་བདེ་བྱེད་ལྷ་དགུའི་རྗེས་གནང་ཟངས་དཀར་ལོཙཱ་བས་གཏུམ་སྟོན་ལ་གནང་བ་སྟོད་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་ པ་བ༑ ཟངས་དཀར་ལོཙཱ་བ་འཕགས་པ་ཤེས་རབ་གཏུམ་སྟོན་བློ་གྲོས་གྲགས་གཏུམ་མགོན་པོ་ཡོན་ཏན་ལུང་ཁུ་དགོན་པ་མཁན་པོ་ལུང་སྟོན། སློབ་དཔོན་ལེགས་པའི་ཤེས་རབ། བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། མང་མཁར་ བ་བློ་བཟང་དཀར་མོ། མང་མཁར་བློ་བཟང་གྲགས་པ། བཟང་ལྡན་མཁན་ཆེན་ཤཱཀྱ་བློ་གྲོས། འབུལ་དཔོན་རྡོ་རྗེ་རྒྱལ་པོ། སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག། དབང་ཕྱུག་ རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། དབོན་ནམ་མཁའ་བསོད་ནམས་དབང་རྒྱལ། མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན། འཇམ་བཞད་དཀོན་མཆོག་འཇིགས་མེད་དབང་པོ་ ཧོར་ཚང་གསེར་ཁྲི། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། དཀོན་མཆོག་བསྟན་པ་རབ་རྒྱས། སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། བདེ་ཆེན་མཉམ་ཉིད་རྡོ་རྗེ། ཁྱབ་བདག་བཀའ་དྲིན་མཚུངས་མེད་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་ [023B] བདག་ལའོ། །ཡང་སྨད་ལུགས་ཀྱི་བརྒྱུད་པ་ནི། ཟངས་དཀར་ལོཙཱ་བ་ནས། གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ། གཅུར་བསོད་ནམས་རིན་ཆེན། འབྱེད་ཕུ་པདྨ་བཀྲ་ཤིས། བརྟག་པ་ལྷ་རྗེ་ཇོ་བཟང། ཁྲོ་ཕུ་ལོ་ཙཱ་བ་ བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག། ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། སྐུ་ཞང་ མཁྱེན་རབ་རིན་ཆེན་མཆོག་གྲུབ། རྡོ་རིང་པ་ཆེན་པོ། ཚར་ཆེན་མན་གོང་ལྟར་རོ། །ཡང་ན། ཚར་ཆེན། བོད་མཁར་བམེ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། དབང་རབ། ཞྭ་ལུ་རིན་ཆེན་བསོད་མཆོག་མགོན་པོ་བསོད་ ནམས་མཆོག་ལྡན་མན་འདྲ། ་དྲག་བྱེད་བཞོན་པ་མེད་པ་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་གི་བརྒྱུད་པ་ནི་སྨད་ལུགས་དང་འདྲའོ། །ཟངྶ་དཀར་བའི་གོང་ཁུག་སྲོམ་ཅན་ལས་བྱུང་བའི་རྣམ་སྲས་ལྗང་སེར་བེ་ཅོན་ཅན་ཡུམ་པདྨ་གཙུག་ཕུད་མ་སྟེ་ཡབ་ཡུམ་གྱི་ རྗེས་གནང་གི་བརྒྱུད་པ་ནི། ཁྲོ་བུ་ལོཙཱ་བ་ཡན་གོང་ལྟར་ལ། དེ་ནས་མཁན་ཆེན་གཙང་པ་དབང་ཕྱུག་གྲགས། མཁས་པ་བྱང་ཆུབ་གྲགས། མཁན་ཆེན་དར་མ་བརྩོན་འགྲུས་བྱང་ཆུབ། ཐོབ་སྟོན་ཤེས་རབ་རྡོ་རྗེ། བླ་མ་རིན་ཆེན་རྒྱ་མཚོ། བླ་མ་རིན་ཆེན་དཔལ་ རིན་པོ་ཆེ་ཆོས་གྲགས་པ། བླ་མ་ཤཱཀྱ་ཡེ་ཤེས། མཁན་ཆེན་ཆོས་ཀྱི་རྒྱལ་མཚན། ཟི་ལུང་ཤཱཀྱ་མཆོག་ལྡན། ཆོས་རྗེ་ཀུན་དགའ་ཚེ་འཕེལ། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཨྖེན་མན་འདྲའོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་ [024A]༄༅། །གྲུབ་བསྒྲལ་བའི་དྲག་བྱེད་རྟ་སྦོན་ཅན་བདུད་མོ་བཞི་བསྐོར་ལྷ་ལྔའི་རྗེས་གནང། དེ་ཉིད་ལ་ཅུང་ཟད་ཁ་བསྒྱུར་ཞིང་རྒྱལ་ཆེན་བཞི་བསྣན་པའི་ནང་མ་མོ་ལྟར་སྒྲུབ་པ་རྣམ་སྲས་དམར་པོ་རྟ་སྔོན་ཅན་ལྷ་དགུ། གནུབ་ ཀྱིས་བསྒྱུར་བའི་བཻ་ཤྲཱ་བ་ཎ་ཁ་རག་ཁྲམ་ཐོག་ནག་པོའི་རྒྱུད་ལས་གསུངས་པའི་བླ་མེད་དྲག་པོ་མཐུ་རུ་བསྒྲུབ་པའི་ནང་ནས་དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བ། གསང་བ་གཤིན་རྗེ་ལྟར་བསྒྲུབ་པ་དགའ་རབ་རྡོ་རྗེའི་བསྙེན་དུས་ཀྱི་མདུང་དམར་ཅན་ ལྷ་བཅུ་གསུམ། བྲམ་ཟེ་སུ་པ་ཏོས་ཞག་གསུམ་ལ་མུ་སྟེགས་པ་བཅོ་ལྔ་བསྒྲལ་བའི་ཡང་གསང་དྲག་པོ་སྲིན་པོ་བཞི་བསྐོར། ཤུ་རཾ་ག་ཝརྨའི་ལུགས་ཀྱི་རྣམ་སྲས་མཐིང་ཀ་ཞལ་གསུམ་ཕྱག་དྲུག་གཙོ་འཁོར་བཅོ་ལྔ་པ། རྣམ་སྲས་དམར་སེར་ལས་ མཁན་མདུང་དམར་ཅན་གཙོ་འཁོར་གཉིས་པ། གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དེ་ལ་ཅུང་ཟད་ཁ་བསྒྱུར་བ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། རྣམ་སྲས་དཀར་པོ་ཚེ་འཕེལ་ལྷ་དགུ་རྣམས་ཀྱི་ རྗེས་གནང་ནི། ཟངས་དཀར་ལོ་ཙཱ་བ་ཡན་གོང་ལྟར་ལ། དེ་ནས་གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ། སྤལ་ཏི་དགྲ་བཅོམ་པ། མཁན་ཆེན་བརྩོན་འགྲུས་དབང་ཕྱུག། མཁན་ཆེན་ཞིག་པོ་ཤེས་རབ་སེང་གེ། ཚུལ་ཁྲིམས་དབང་ཕྱུག། ཡོན་ཏན་ཚུལ་ཁྲིམས་ མཁན་ཆེན་ཤེས་རབ་རྡོ་རྗེ། བློ་གྲོས་བཟང་པོ། བླ་མ་ཆོས་སྐྱོང་བཟང་པོ། དགའ་ཕུག་པ་བློ་བཟང་གྲགས་པ། མཁན་ཆེན་ཆོས་ཀྱི་རྒྱལ་མཚན་མན་གོང་དང་འདྲ། སློབ་དཔོན་ཆེན་པོས་ལྷ་སྲས་དང་བློན་པོ་ཞང་ལྷ་བཟང་ཀླུ་དཔལ་གཉིས་དམག་ལ་ [024B] ཕྱག་ན་རྡོ་རྗེ། པདྨ་སཾབྷ་བ། ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ་ནས་རིམ་པར་བརྒྱུད་དེ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ ཆེན་རྣམ་རྒྱལ་བཟང་པོ། ཤམྦྷ་རིན་པོ་ཆེ་ཀུན་དགའ་སངས་རྒྱས། ཚར་ཆེན་ནས་བོང་མཁར་བ་དང་མཁྱེན་བརྩེ་ནས་བརྒྱུད་པ་གོང་དང་འདྲ། དྲག་པོ་ཡང་གསང་མདུར་དམར་ཅན་ཕྱག་མཚན་བཞི་པའི་རྗེས་གནང་ནི། རྡོ་རྗེ་འཆང། གསང་ བའི་བདག་པོ། སློབ་དཔོན་དགའ་རབ་རྡོ་རྗེ། བཻ་རོ་ཙ་ན། རྒྱལ་པོ་གཡུ་སྒྲ་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཞང་ལྷ་བཟང་ཀླུ་དཔལ། གཉལ་ཉི་མ་ཤེས་རབ། སྣུར་ཉི་མ། དབུས་པ་དམར་སྟོན། སློབ་དཔོན་གཅུར་སྟོན། འོད་ཟེར་བླ་མ། ཛྙཱ་ན་ ལྐཤ། ༈ མཁན་པོ་དགེ་འདུན་རྒྱལ་མཚན། སློབ་དཔོན་ནམ་མཁའ་གྲགས་བ། བླ་མ་བསོད་ནམས་རིན་ཆེན། བླ་མ་དཔལ་ལྡན་པ། གཉག་ཕུ་བ་བསོད་ནམས་བཟང་བོ། མཁན་ཆེན་པདྨ་བཟང་པོ། མཁན་ཆེན་ཆོས་ཀྱི་ དབང་ཕྱུག། མཁན་ཆེན་ཆོས་གྲུབ་སེང་གེ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་མན་གོང་དང་འདྲའོ། །བཀའ་དང་པོ་ཞི་བ་བདེ་བྱེད་དང་འབྲེལ་བའི་དྲག་པོའི་བཀའ་བསྒོམ་ཐོབ། ཞི་བ་བདེ་བྱེད་སེར་ཆེན་གྱི་བརྒྱུད་པ་ལུགས་ གཅིག་ནི། ཐུགས་སྲས་རིན་ཆེན་རྣམ་རྒྱལ་ཡན་སྨད་ལུགས་ཀྱི་བརྒྱུད་པ་ལྟར་ལ། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ། རྗེ་དགེ་འདུན་གྲུབ་པ། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་དགེ་འདུན་རྒྱ་མཚོ། སེར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕ་བོང་ཁ་པ་བདེ་ལེགས་ཉི་ [025A]༄༅། །མ༑ ཤར་ཆེན་ནམ་མཁའ་རྒྱལ་མཚན། རྗེ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་བ་ལྔ་པ་ཆེན་པོ། གནས་བརྟན་འཇམ་དབྱངས་གྲགས་པ། ཁྱབ་བདག་བློ་བཟང་ཤེས་རབ། འཇམ་ དབྱངས་བདེ་བའི་རྡོ་རྗེ་མན་གོང་དང་འདྲ།། །། ༈ བའི་བརྒྱུད་པ་ནི། རྒྱལ་པ་རྡོ་རྗེ་འཆང། རྡོ་རྗེ་ཕག་མོ། པདྨ་བཛྲ། ཤྲཱི་བཛྲ། རཱ་ཧུ་ལ་བཛྲ། སྒེག་པའི་རྡོ་རྗེ། མཉྫུ་ཤྲཱི། ཤྲཱི་ས་མ་ཡ་བཛྲ། འཆི་མེད་བློ་གྲོས་བཟང་པོ། བཻ་རོ་ཙ་ན་བཛྲ། ཁམས་པ་རྒྭ་ལོ་གཞོན་ནུ་དཔལ། ས་ཆེན་ཀུན་དགའ་སྙིང་ པོ༑ རྗེ་བཙུན་གྲགས་པ་རྒྱལ་མཚན། ཡར་སྒོམ་སེ་བོ། དོ་པ་སྟོན་ཚུལ། རྒྱ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་བ་མཆོག་དབྱངས། འཇམ་དབྱངས་ ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་པ། ཚར་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག། རྗེ་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། འདི་ཡན་རྗེ་ཤེས་རབ་རྒྱ་མཚོའི་གསན་རྒྱུན་ལྟར་བྲིས། མཁན་ཆེན་ བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་དབང་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་འབྱུང། ས་ཆེན་ཀུན་དགའ་བློ་གྲོས། ས་ཆེན་དབང་སྡུད་སྙིང་པོ། འཆི་མེད་བསྟན་པའི་ཉི་མ། རྡོ་རྗེ་འཆང་ [025B] རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་རྡོ་རྗེ་རིན་ཆེན། རྗེ་བཙུན་མ་རྟ་མགྲིན་དབང་མོ། དེས་དོན་རྣལ་འབྱོར་ཆེན་པོ་འདར་གྲོང་མོ་ཆེའི་མཁན་ཟུར་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ། དེས་བདག་ལ་ དགྱེས་བཞིན་དུ་སྩལ།། །། ༈ ཉེ་བརྒྱུད་གཉིས་ལས། དང་བོ་ནི། གཤིན་ རྗེ་གཤིད། མཧཱ་དེ་ཝ། ཨཱཙརྱ་ཧི་འོད་གྲགས་པ། སྲས་ཟླ་བ་ནག་པོ། ཨཱཙྲྱ་དམར་པོ་འམ་གྷ་ཡ་དྷ་ ཤྲཱི་དཧར་གྲ་ཤུ་ཡང་ཟེར། འདི་ལམ་འབྲས་པའི་གྷ་ཡ་དྷ་ར་དང་མི་གཅིག་པར་སྐལ་བཟང་གསན་ཡིག་ཏུ་གསུངས། ར། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁཱུ་པ་དར་མ་ སེང་གེ། ས་ཆེན་ཀུན་དགའ་སྙིང་བོ། ར་སའི་ཤོད་བུ་བཀྲ་ཤིས་འོད་ཟེར། འདར་ཕྱ་རུ་བ་རིན་ཆེན་བཟང་པོ། བོ་དང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་རྒྱ་མཚོ། བླ་མ་བསོད་ནམས་དབང་ཕྱུག། ལྕང་སྤེ་བསེང་གེ་འབུམ། ཀུན་ མཁྱེན་དཔལ་ལྡན་སེང་གེ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་དཔལ་བ། མུས་སྲས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་ བརྩེའི་དབང་ཕྱུག། སྔགས་འཆང་བསོད་ནམས་ཆོས་འཕེལ། ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། བྱེད་རྗེ་མཁན་དཔལ་འབྱོར་འཕྲིན་ལས། མཚུངས་མེད་ཤྲི་བི་ཛ། ཀུན་དགའ་ལྷུན་གྲུབ། དེ་ལ་འཇམ་མགོན་གནས་ [026A]༄༅། །པ་དཔལ་ལྡན་དང། དོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཀུན་བློ། ཡར་ཀླུངས་པ་ནམ་མཁའ་ལེགས་པ་ལྷུན་གྲུབ་ རྗེ་ངག་དབང་ཆོས་འབྱོར། ངག་དབང་རིན་ཆེན། བསོད་ནམས་ཕྲིན་ལས། མཁྱེན་རབ་བཟང་པོ། བདེ་ཆེན་མཉམ་ཉིད་རྡོ་རྗེ། སྐྱབས་མགོན་བཀའ་དྲིན་མཚུངས་མེད་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་ བཟང་པོ། དེས་བདག་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ལ་དགྱེས་བཞིན་དུ་སྩལ་བའོ། །ཉེ་བརྒྱུད་ནི། སྣང་བ་མཐའ་ཡས། པདྨ་དབང་ཆེན། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཐོབ་འདར་ཕྱར་བ། བོ་དོང་ བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བསྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང། མུས་སྲས་རྡོ་རྗེ་རྒྱལ་མཚན་མན་འདྲ། ་ཡང་ན། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲས་ རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་དཔལ། འཁྲུལ་ཞིག་དཀོན་མཆོག་བཟང་པོ། ཚར་ཆེན་མན་འདྲ། ཡང་ན། མཁན་ཆེན་ཆོས་རྒྱལ་དཔལ་བཟང། མུས་སྲས་པ་དཔལ་ལྡན་སེང་གེ། ཚལ་མིག་བསོད་ནམས་ བཟང་པོ། རྟོགས་ལྡན་ཡོན་ཏན་མགོན་པེ་མན་འདྲ། ཡང་ན། ཀུན་མཁྱེན་དཔལ་ལྡན་སེང་གེ་ནས། དཔལ་ལྡན་རིན་ཆེན་གྲགས་པ། གུ་རུ་དུག་གསུམ་ནད་སེལ། མཚུངས་མེད་རིན་ཆེན་བཀྲ་ཤིས་མན་འདྲ། ཡང་ན་ [026B] སྟོན་པ་ཆོས་དཔལ་བ། དམ་པ་སེང་གེ། གྲུབ་ཆེན་བདེ་ཕུག་པ་དགེ་ལེགས་རྒྱལ་མཚན། གློ་བོ་ཛར་པ། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་ འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདའོ། །ཡང་ན། ཉན་ཆེན་བསོད་ནམས་བསྟན་པ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཀུན་མཁྱེན་དཔལ་ལྡན་སེང་གེ་མན་འདྲའོ།། ༈ ༈ བརྒྱུད་པ་ནི། གསང་པ་ཀུན་གྱི་མཛོད་འཛིན་དཔལ་ཕྱག་ན་རྡོ་རྗེ། གསང་བདག་མིའི་རོལ་གར་མཁན་ཆེན་ནམ་མཁའ་རྒྱལ་མཚན། གངས་ཅན་གྱི་ཤིང་རྟ་ཆེན་པོ་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ དཔལ། དེ་གཉིས་ལ་གཉལ་གུང་སྣང་བ་འབྲོམ་བཙུན་མཛེས་པ་དཔལ་ལྡན་བཟང་པོས་གསན། དེ་ནས་ཆོས་རྗེ་སེང་གེ་དཔལ་ལྡན་མཛེས་པ། བླ་མ་ནམ་མཁའ་དཔལ་ལྡན། རྗེ་ནམ་མཁའ་ཆོས་བཟང། ཆོས་ རྗེ་ནམ་མཁའ་འོད། བླ་མ་ནམ་མཁའ་ལྷུན་གྲུབ། རྗེ་ནམ་མཁའ་མཛེས་པ་དཔལ། རྗེ་བསོད་ནམས་འོད་མཛེས། ཆོས་རྗེ་དཔལ་འབྱོར་དོན་ཡོད། ཤེས་རབ་གྲགས་པ། ཆོས་རྗེ་ཉི་ཟླ་འོད་མཛེས་ [027A]༄༅། །མགོན་པོ་དཔལ་ལྡན་མཛེས་བའི་རྡོ་རྗེ། མགོན་པོ་མཛེས་པའི་དབང་ཕྱུག། གྲུབ་དབང་འཕགས་པ་བསྟན་དང། སྔགས་རྣམས་པ་བསོད་ནམས་ལུང་རིགས། ཆུ་བར་སྐུ་སྐུ་སྐྱེ་དགེ་འདུན་བཀྲ་ ཤིས༑ ཀློང་རྡོལ་གྲུབ་ཆེན་ངག་དབང་བློ་བཟང། དཀོན་མཆོག་འཇིགས་མེད་དབང་པོ། གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོལ་མེ། རྗེ་དཀོན་མཆོག་རྒྱལ་མཚན། ཨ་ཁུ་ཤེས་རབ་རྒྱ་མཚོ། རྒྱ་ནག་པའི་སྤྲུལ་སྐུ་བློ་བཟང་ལུང་རྟོགས་ཆོས་ ཀྱི་རྒྱལ་མཚན། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། བཀའ་འགྱུར་བ་དཔལ་ལྡན་བཟང་པོ། རིགས་ཀུན་ཁྱབ་བདག་སྟག་བྲག་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་གསུང་རབ་མཐུ་ཐོབ་བསྟན་བའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། ། ༈ བློ་བཟང་རྟ་དབྱངས་ཀྱི་གསུང་ཆོ་གའི་སྟེང་ནས་སྒྲ་མི་སྙན་གྱི་ཚེ་དབང་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། དགྲ་བཅོམ་པ་བློ་གྲོས་དཔལ་བཟང། པཎ་ཆེན་ནགས་ཀྱི་རིན་ཆེན། འབྲུག་རྒྱལ་དབང་ཆོས་རྗེ། རྗེ་ངག་དབང་རྣམ་རྒྱལ། འབྲུག་པ་པདྨ་དཀར་པོ་ རྗེ་མི་ཕམ་བློ་གྲོས། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཐུབ་བསྟན་རིན་ཆེན། བསོད་ནམས་རྒྱལ་མཚན། དགེ་ལེགས་དཔལ་བཟང། ཆོས་ཀྱི་དབང་ཕྱུག། ཐུབ་བསྟན་དར་རྒྱས། པདྨ་ལྷུན་གྲུབ། འབྲི་ཁུང་ཆོས་དབྱིངས་ལྷུན་གྲུབ། དཔའ་བོ་ གཙུག་ལག་ཆོས་རྒྱལ། གནས་ཁང་པ་བསྟན་པ་ཡར་འཕེལ། ལྷ་བཙུན་འཇམ་དཔལ་རྡོ་རྗེ། སཱ་རིན་སྐལ་བཟང་ཆོས་འཕེལ། ཨིན་གོ་སན་འཇམ་དབྱངས་བློ་གྲོས་རྣམ་རྒྱལ། རྟ་དབྱངས་ཞབས། རྗེ་དཔལ་ལྡན་བཟང་པོ། ཚེ་དཔག་མེད་ [027B] དེས་བདག་ལའོ།། ༈ མར་ལུགས་ཀྱི་རྣམ་རྒྱལ་མ། བ་རི་ལུགས་ཀྱི་སྒྲོལ་དཀར་ཏེ་ཚེ་ལྷ་རྣམ་གསུམ་གཅིག་ཏུ་དྲིལ་བའི་ཚེ་དབང་འཇམ་དབྱངས་མཁྱེན་ བརྩེའི་དབང་པོའི་ཆོ་ག་འཆི་མེད་རྟག་པའི་ཐིག་ལེའི་སྟེང་ནས་ཐོབ་པའི་རིང་བརྒྱུད་ནི། བཀའ་སྲོལ་སོ་སོ་ལས་འོངས་པའི་རྗེས་གནང་ལྟར་ལ། ཉེ་བརྒྱུད་ནི། ལྷ་དེ་གསུམ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། བློ་གཏེར་དབང་པོ། གྲུབ་དབང་ཀུན་དགའ་ བཀྲ་ཤིས། ཆོས་རྗེ་རྟ་མགྲིན་སྐྱབས། བཤེས་གཉེན་བློ་བཟང་མི་འགྱུར་རྡོ་རྗེ། བཀའ་འགྱུར་བ་ཚེ་རིང་དཔལ་ལྡན། རྗེ་དཔལ་ལྡན་བཟང་པོ། མཚུངས་མེད་སྟག་བྲག་རྡོ་རྗེ་འཆང་ཆེན་པོ། དེས་བདག་ལའོ།། ༈ པའི་རྩ་རྒྱུད་སོགས་ལས་རྒྱ་ཆིར་གསུངས་པ་སྔགས་སྡོམ་དང་འགལ་བའི་ཉེས་ལྟུང་སྦྱོང་བའི་ལྷ་མཆོག་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་ཡབ་ཡུམ་གྱི་རྗེས་གནང་སྙན་བརྒྱུད་མ་དམ་ཚིག་རྡོ་རྗེའི་སྒྲུབ་ཐབས་སྡིག་ལྟུང་ཀུན་སེལ་གྱི་སྟེང་ནས་ལེགས་པར་ནོས་པའི་ བརྒྱུད་པ་ནི། རྡོ་རྗེ་འཆང། འཇམ་དབྱངས། རྗེ་ཙོང་ཁ་པ། མཁས་གྲུབ་སྨྲ་བའི་ཉི་མ། བ་སོ་ཆོས་ཀྱི་རྒྱལ་མཚན། རྒྱལ་པ་དབེན་ས་པ་ཆེན་པོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། སྔགས་ཆེན་དཀོན་མཆོག་ རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། ཡོངས་འཛིན་བློ་བཟང་བཟོད་པ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། ཡོངས་འཛིན་བློ་བཟང་ཚུལ་ཁྲིམས། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ། ཏིང་སྐྱེས་སྤྲུལ་སྐུ་བློ་བཟང་ [028A]༄༅། །བསྟན་པའི་རྒྱལ་མཚན། ལྷོ་པ་ཡོངས་འཛིན་བློ་བཟང་བསྟན་འཛིན་དབང་རྒྱལ། དཀའ་ཆེན་དཔལ་ལྡན་བསྟན་འཛིན། ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་བློ་བཟང་ངག་དབང་དཔལ་བཟང་པོའི་ཞལ་ སྔ་ནས་བདག་ལའོ།། ༈ དཔལ་མང་དཀོན་མཆོག་རྒྱལ་མཚན་ཡན་དེའི་གསན་ཡིག་ལྟར་ལ། དེ་ནས་སྤྲུལ་སྐུ་ བློ་བཟང་བསྟན་པའི་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་ཆོས་འཕེལ། ཡང་ན་སྐྱིད་ལུང་ཐུགས་མཆོག་རྡོ་རྗེ། རྡོ་རྗེ་འཆང་ངག་དབང་ཆོས་འཕེལ། རྡོ་རྗེ་འཆང་དཀོན་མཆོག་བསྟན་འཛིན། རྡོ་རྗེ་འཆང་སྐལ་བཟང་དཔལ་འབྱོར། ཤོ་མདོ་ མཁན་ཟུར་ཕུན་ཚོགས་ཆོས་འབྱོར། རྗེ་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ་དཔལ་བཟང་པོ། རིགས་ཀུན་ཁྱབ་བདག་བཀའ་དྲིན་མཚུངས་མེད་སྟག་བྲག་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས། བདག་ལའོ།། ༈ པའི་རྒྱལ་མོ་ནས་ཉེ་བར་བརྒྱུད་པའི་ཚེ་དཔག་མེད་ཀྱི་སྐོར་རྣམས་ཐོབ་པའི་ཚུལ་དགོད་པ་ལ། དེའང་ཚར་ཆེན་གྱི་ཆོ་ག་དང་ཨ་ཁུ་རིན་པོ་ཆེའི་གསན་ཡིག་ཏུ། ཕྱི་སྒྲུབ་ལྷ་སྟོང་དང་ལྔ་བརྒྱ། ནང་སྒྲུབ་ལྷ་སོ་གསུམ། གསང་སྒྲུབ་ལྷ་བཅུ་གསུམ། ཡང་གསད་ ལྷ་གཅིག་རྣམས་སུ་ཡོད་པར་གསུངས་ཀྱང་རང་གི་བགོ་སྐལ་དུ་གྱུར་པ་ནི་ནང་སྒྲུབ་ཞི་བ་དཀར་པོ་ལྷ་སོ་གསུམ། གསང་སྒྲུབ་ཁྲོ་བོ་དམར་པོ་ལྷ་ཉེར་གསུམ། ཡང་གསང་གོང་ཁུག་དམར་པོ་ལྷ་དགུ། འཆི་མེད་ངེས་སྟེར་དཀར་པོ་ལྷ་དགུ། ཡང་སྙིང་དམར་པོ་ལྷ་ [028B] །འདི་ལ་ཐུན་མོང་བ་ཚེའི་བྱིན་རླབས་དང། ཐུན་མོང་མ་ཡིན་པ་དབང་བཞི་བྱིན་རླབས་དང་འབྲེལ་བ། དེ་གཉིས་གང་རུང་ལ་རྟ་མགྲིན་གྱི་ཤམ་ །འདི་མ་ཐོབ། བུ་ཅན་དང་གསུམ་མོ། །དེ་དག་ལས། པའི་སྒྲུབ་དཀྱིལ་དབང་ཆོག་ཚེ་དཔལ་འདབ་བརྒྱ་བཞད་པའི་ཉིན་བྱེད་འོད་འབར་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས་པ། ཁྱུང་ཚང་བ། ཤངས་པ་དམར་སྟོན། ཞང་ལོ་ཙཱ་བ། ཁམས་པ་ ཤེས་རབ་རྡོ་རྗེ། དབུས་པ་སངས་གྲགས་པ། ལྕེ་བླ་མ་བློ་ལྡན་སེང་གེ། འཕགས་འོད། བུ་སྟོན། བླ་མ་དམ་པ། སྐུ་ཞད་རིན་ཆེན་བཀྲ་ཤིས། རྭ་སྒྲེང་དཀའ་བཞི་པ། སྐུ་ཞང་སངས་རྒྱས་དཔལ་འབྱོར། དུས་ཞབས་ཤཱཀྱ་སངས་རྒྱས་དབང་ཕྱུག། འཇམ་ དབྱངས་ཆོས་ཀྱི་གྲགས་པ། སྐུ་དྲུང་པ་ཚེ་བདག་བཀྲ་ཤིས། འབྲུག་པ་པདྨ་དཀར་པོ། ལྕེ་རྩེ་པ་ངག་དབང་བཟང་པོ། ཀུན་མཁྱེན་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། །རྗེ་ཆོས་ཀྱི་དབང་ཕྱུག། ཡོངས་འཛིན་དགེ་ལེགས་བཞད་བ། སྐྱབས་མགོན་དགྱེས་པ་རྡོ་རྗེ། ཡོངས་འཛིན་འཇམ་དཔལ་དཔའ་བོ། སི་ཏུ་ཆོས་ཀྱི་སྣང་བ། ཡོངས་འཛིན་འཇམ་དཔལ་ཡེ་ཤེས་གྲུབ་པ། ཐམས་ཅད་མཁྱེན་པ་མི་འགྱུར་འཇིགས་མེད་དབང་རྒྱལ། ལྷ་བཙུན་འཇམ་དཔལ་རྡོ་རྗེ། ཟངས་རི་གྲུབ་དབང་བློ་བཟང་ རབ་བརྟན། བྲག་རི་འཇམ་དབྱངས་འཕྲིན་ལས། དུརྦེད་བསམ་འགྲུབ་བསྟན་འཛིན། གནས་བརྟན་ཚེ་འཕེལ་རྡོ་རྗེ། སྐྱབས་རྗེ་བློ་བཟང་རྟ་དབྱངས། གཅོད་པ་ངག་དབང་སྙན་གྲགས། ཁལ་ཁ་བཀའ་འགྱུར་བ་ཚེ་རིང་དཔལ་ལྡན། བཀའ་ [029A]༄༅། །འགྱུར་བ་རྗེ་དཔལ་ལྡན་བཟང་པོ། མཚུངས་མེད་སྟག་བྲག་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བདག་ལ་དགྱེས་བཞིན་དུ་སྩལ་བའོ།། རྟགས་ཅན་ཁུ་རེ་དཀའ་བཅུ་བློ་བཟང་རྟ་དབྱངས་ཀྱིས་མཛད་ པའི་ལས་བྱང་ཆ་ལག་བཅས་འཆི་མེད་གྲུབ་པའི་དྲང་སྲོང་ཞལ་ལུང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། ཏི་ཕུ་བ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། འགོས་རི་ཁྲོད་དབང་ཕྱུག། རི་ཁྲོད་ སྐགས་དམར་པོ། ཡོན་ཏན་བཟང་པོ། གཉོས་ཨ་སེང། གན་པ་རིན་ཆེན་རྒྱལ་པོ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཤེས་རབ་གྲགས་པ། ནམ་མཁའ་འོད་ཟེར། དོན་གྲུབ་རིན་ཆེན། ངག་དབང་ཆོས་རྒྱལ་ འབྲུག་པ་པདྨ་དཀར་པོ། ལྷ་རྩེ་པ་ངག་དབང་བཟང་པོ། འབྲུག་པ་སངས་རྒྱས་རྡོ་རྗེ། དགེ་ལེགས་རྣམ་རྒྱལ། མི་ཕམ་དག་གི་དབང་ཕྱུག། བསྟན་འཛིན་བསམ་འགྲུབ། འཕྲིན་ལས་ཤིང་རྟ། ཡོངས་འཛིན་འཇམ་དཔལ་དཔའ་བོ་ བཀའ་བརྒྱུད་བསྟན་པའི་རྒྱལ་མཚན། ཡོངས་འཛིན་འཇམ་དཔལ་ཡེ་ཤེས་གྲུབ་པ་མན་། ལེན་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། རས་ཆུང་ང། མི་ལ་རས་པ། དམ་རྫོང་རས་པ་བྱང་ཆུབ་རྒྱལ་པོ། གཡག་ཕུག་བ། འདིའི་བར་དུ་བླ་མ་གཅིག་ཆད་མིན་བརྟག། གླིང་རས་པདྨ་རྡོ་རྗེ། རྒྱ་རས་ཡེ་ [029B] རྒོད་ཚང་པ་མགོན་པོ་རྡོ་རྗེ། ཡང་དགོན་པ་ཐུགས་རྗེ་རྡོ་རྗེ། སྤྱན་སྔ་རིན་ཆེན་ཆོས་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང། འབའ་རབ་རྒྱལ་མཚན་དཔལ་བཟང། བྱ་བྲལ་ཆོས་རྗེ། སྐྱེས་མཆོག་སྨོན་ལམ་དཔལ། བློ་གྲོས་ཆོས་རྒྱལ། ལྷ་ རྩེ་པ་ངག་དབང་བཟང་པོ། དཔག་བསམ་དབང་པོ། ཀུན་དགའ་ལྷུན་གྲུབ། མི་ཕམ་ཆོས་ཀྱི་དབང་ཕྱུག། ཡོངས་འཛིན་དགེ་ལེགས་བཞད་པ། འཇམ་མགོན་དགྱེས་པ་རྡོ་རྗེ། རྗེ་ཕྲིན་ལས་ཤིང་རྟ་ འདིའི་ཚབ་ཏུ་ཡོངས་འཛིན་འཇམ་དཔལ་དཔའ་བོ་དང་སི་ཏུ་པཎ་ཆེན་ གཉིས་འདུག། ཀརྨ་ཐེག་མཆོག་རྡོ་རྗེ། སྡེ་དགེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ལྷ་བཙུན་འཇམ་དཔལ་རྡོ་རྗེ། དེ་མན་། བདུད་རྩིའི་བུམ་བཟང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། རས་ཆུང་བ། སུམ་པ། གླིང་རས་པ། རྒྱ་རས་པ། དཔོན་གཞོན་ནུ་སེང་གེ་ཤེས་རབ། སྤོས་སྐྱ་བ། བཅུ་གསུམ་པ། ཀུན་དགའ་སེང་གེ། རྡོ་རྗེ་ རིན་ཆེན། བློ་གྲོས་སེང་གེ། ཤེས་རབ་བཟང་པོ། རྒྱལ་དབང་རྗེ། ཤཱཀྱའི་མཚན་ཅན། ངག་དབང་ཆོས་རྒྱལ། པདྨ་དཀར་པོ། ངག་དབང་བཟང་པོ། མི་ཕམ་བློ་གྲོས། ཀུན་དགའ་ལྷུན་གྲུབ། མི་ཕམ་ཆོས་ཀྱི་དབང་ཕྱུག། དགེ་ལེགས་ བཞད་པ། འཇམ་མགོན་དགྱེས་པ། འཇམ་དཔལ་དཔའ་བོ། སི་ཏུ་པཎ་ཆེན། ཡེ་ཤེས་གྲུབ་པ། འབྲུག་པ་དཔལ་ལྡན་མི་ཕམ་ཆོས་ཀྱི་རྒྱལ་མཚན། བྲག་རི་འཇམ་དབྱངས་འཕྲིན་ལས་མན་ ། [030A]༄༅། །རི་དམ་ཚིག་རྡོ་རྗེས་མཛད་པའི་ཚེ་དབང་ཆོ་ག་འཆི་མད་བདུད་རྩིའི་བུམ་བཟང་གི་སྟེང་ནས་ཐོབ་པའི་བརྒྱུད་བ་ནི། རྒྱལ་བ་ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། ཏི་ཕུ་པ། དེ་གཉིས་ལ་རས་ཆུང་བ། དེ་ནས་ མིད་ལ་རས་པ། དྭགས་པོ་ལྷ་རྗེ་ཕག་མོ་གྲུབ་པ། འབྲི་གུང་འཇིག་རྟེན་གསུམ་མགོན། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིན་ལྡན། ཟུར་ཕུག་པ་རིན་ཆེན་དཔལ། འབའ་ར་བ་རྒྱལ་མཚན་དཔལ་བཟང་ སྐྱེས་མཆོག་ཨ་ན་ནྟ། ཆོས་རྗེ་དཔལ་འབྱོར་རྒྱལ་མཚན། རྒྱལ་དབང་དགེ་འདུན་མཚོ། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་རྒྱན། རྒྱུད་ཆེན་དཀོན་མཆོག་ རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། མཁན་ཆེན་དགེ་འདུན་རྒྱ་མཚོ། ཀུན་མཁྱེན་འཇིགས་མེད་དབང་པོ། གུང་ཐང་བསྟན་པའི་སྒྲོན་མེ། ཀུན་མཁྱེན་བློ་བཟང་འཇིགས་མེད་རྒྱ་མཚོ། དེ་གསུམ་ཀ་ལས་རྒྱལ་མཁན་པོ་གྲགས་པ་ རྒྱལ་མཚན་དང་དཔལ་མང་དཀོན་མཆོག་རྒྱལ་མཚན་གཉིས་ཀས་གསན། ཕྱི་མ་བཞི་ཀ་ལས་ཨ་ཁུ་ཤེས་རབ་རྒྱ་མཚོ། འཇམ་དབྱངས་བཞད་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག། དེ་གཉིས་ཀ་ལས་བདེ་ཐང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ དེ་གསུམ་ཀ་ལས་རྗེ་བློ་གྲོས་རྒྱ་མཚོ། དེ་ནས་རྗེ་དཔལ་ལྡན་བཟང་པོ། མཚུངས་མེད་སྟག་བྲག་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བདག་ལའོ། །ཡང་ན་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་རྒྱ་མཚོ། དཔལ་མང་དཀོན་མཆོག་རྒྱལ་ [030B] ཨ་ཁུ་ཤེས་རབ་རྒྱ་མཚོ། འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་བཞི་ཀ་ལས་ཡོངས་འཛིན་བསྟན་པ་རྒྱ་མཚོ། བླ་གོ་བླ་གསར་འཇིགས་མེད་ཕྲིན་ལས་རྒྱ་མཚོ། རྗེ་དཔལ་ལྡན་བཟང་བོ། སྐྱབས་མཆོག་སྟག་བྲག་རྡོ་རྗེ་འཆང་ ཆེན་པོའི་ཞལ་སྔ་ནས་བདག་ལའོ།། ཡང་ན། འབའ་རབ་རྒྱལ་མཚན་དཔལ་བཟང། རྗེ་ཤེས་རབ་དཔལ་བཟང། ཚུལ་ཁྲིམས་དཔལ་བཟང། འཁྲུལ་ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་རྒྱས་རྒྱ་མཚོ། སྐྱབས་མཆོག་ དཔལ་བཟང། དབེན་ས་བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་རྒྱན། རྒྱུད་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་བ་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཡོངས་འཛིན་བློ་ བཟང་བཟོད་པ། པཎ་ཆེན་བསྟན་པའི་ཉི་མ། འཇམ་བཞད་བློ་བཟང་ཐུབ་བསྟན་རྒྱ་མཚོ། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། དེ་ལས་བླ་གོ་བླ་གསར་འཇིགས་མེད་ཕྲིན་ལས་རྒྱ་མཚོ་དང་རྗེ་བློ་གྲོས་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་ བཀའ་འགྱུར་བ་དཔལ་ལྡན་བཟང་པོ། མཚུངས་མེད་སྟག་བྲག་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བདག་ལའོ། །ཡང་ན། རས་ཆུང་ དགུང་ལོ་གྱ་བཞི། བ། འགོས་རི་ཁྲོད་དབང་ཕྱུག། དགུང་ལོ་རྒྱ་བརྒྱད། གཉན་སྒོམ་རྒྱལ་བསེང་ དགུང་ལོ་གོ་དྲུག། གེ་ བྱང་ཆུབ་གླིང་ དགུང་ལོ་གོ་གཉིས། པ། སློབ་དཔོན་དགེའུ་ དགུང་ལོ་གྱ་དྲུག། པ། འདོན་པ་དབང་ཕྱུག་བརྩོན་འགྲུས་ དགུང་ལོ་གོ་དགུ། འགྲོ་མགོན་འཕགས་པ། མཁན་ཆེན་མཆིམས། མཁས་གྲུབ་གཞོན་ནུ་གྲུབ་པ། བླ་མ་བྱང་ཆུབ་ཤེས་རབ། བླ་མ་ [031A]༄༅། །དམ་པ་བསོད་ནམས་རྒྱལ་མཚན། འཁྲུལ་ཞིག་གྲགས་པ་ཚུལ་ཁྲིམས། མཉམ་མེད་རྒྱལ་བ་བཟང་པོ། རྗེ་བཀྲ་ཤིས་ཡེ་ཤེས། བླ་མ་ཚུལ་ཁྲིམས་དབང་ཕྱུག། རྗེ་བཤེས་གཉེན་བཀྲ་ཤིས། བླ་མ་དག་ དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རང་བརྟན། བཀའ་འགྱུར་བ་བསོད་ནམས་མཆོག་ལྡན། དཔལ་འབྱོར་འཕྲིན་ལས་རབ་རྒྱས། རྒྱལ་དབང་ལྔ་པ་ཆེན་པོ། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ པཎ་ཆེན་དཔལ་ལྡན་ཡེ་ཤེས། ཁྲི་ངག་དབང་སྙན་གྲགས། བ་རེ་དམ་ཚིག་རྡོ་རྗེ། ཐུགས་སྲས་དོན་གྲུབ་བཟང་པོ། ཆོས་རྗེ་ངག་དབང་བློ་བཟང་རྡོ་རྗེ། ཁལ་ཁ་བཀའ་འགྱུར་བ་ཚེ་རིང་དཔལ་ལྡན། དེ་མན་འདྲ། ཡང་ན། པཎ་ཆེན་ དཔལ་ལྡན་ཡེ་ཤེས། ཀུན་མཁྱེན་འཇིགས་མེད་དབང་པོ། གུང་ཐང་བསྟན་པའི་སྒྲོན་མེ། ཀུན་མཁྱེན་བློ་བཟང་འཇིགས་མེད་རྒྱ་མཚོ། དེ་གཉིས་ཀ་ལས་བ་རི་དམ་ཚིག་རྡོ་རྗེ། དེ་ལས་རིགས་དབོན་ཚེ་འཕེལ་རྡོ་རྗེ་དང་འཆམ་པ་བློ་བཟང་རིན་ཆེན་ དར་རྒྱས་གཉིས་ཀས་གསན། དེ་གཉིས་ཀ་ལས་ཐུགས་སྲས་ངག་དབང་བློ་བཟང་རྡོ་རྗེ། དེ་གསུམ་ཀ་ལས་ཁལ་ཁ་བཀའ་འགྱུར་བ་ཚེ་རིང་དཔལ་ལྡན། དེ་མན་འདྲའོ། །བརྒྱུད་རིམ་གྱི་རྣམ་གྲངས་གཞན་རྣམས་གསན་ཡིག་རྒྱས་པ་རྣམས་ ལས་ཤེས་སོ།། འབའ་ [031B] དེ་ནས་གྲུབ་ཆེན་རིན་ཆེན་འཕེལ། མཁན་ཆེན་རིན་ཆེན་འཕེལ། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རྡོ་རིང། ཚར་ཆེན། མཁྱེན་བརྩེ། དབང་རབ། ཞྭ་ལུ་ བསོད་ནམས་མཆོག་གྲུབ། བཀའ་འགྱུར་བ་བསོད་ནམས་མཆོག་ལྡན། བསོད་ནམས་དབང་གི་རྒྱལ་པོ། མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། རྟ་ཚག་བློ་བཟང་དཔལ་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ། རྒྱལ་སྲས་བསྐལ་བཟང་ཐུབ་ བསྟན་འཇིགས་མེད་རྒྱ་མཚོ། སྤང་ལུང་ངག་དབང་ཆོས་འཛིན། ཁྲི་ངག་དབང་སྙན་གྲགས། བ་རི་དམ་རྡོར། གནས་བརྟན་ཆེ་འཕེལ་རྡོ་རྗེ། དེ་ལས་ཆོས་རྗེ་ངག་དབང་བློ་བཟང་རྡོ་རྗེ་དང་ཡོངས་འཛིན་བློ་བཟང་མི་འགྱུར་རྡོ་རྗེ་གཉིས་ཀས་གསན་ དེ་གཉིས་ཀ་ལས་ཁལ་ཁ་ཚེ་རིང་དཔལ་ལྡན། བཀའ་འགྱུར་བ་དཔལ་ལྡན་བཟང་པོ། རྡོ་རྗེ་འཆང་སྟག་བྲག་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས། བདག་ལའོ། ། ༈ དྷརྨ་བྷ་དྲའི་གསུང་བློ་རྨོངས་སྙིང་གི་མུན་སེལ་གྱི་སྟེང་ནས་ནོས་པའི་བརྒྱུད་པ་ནི། རྗེ་བཙུན་དྷརྨ་བྷ་དྲ་ཡན་དེ་ཁའི་རྗེས་ཆོག་ཏུ་གསལ་བ་ལྟར་ལ། དེ་ནས་མཁས་གྲུབ་དབྱངས་ཅན་གྲུབ་པའི་རྡོ་རྗེ། རིགས་བརྒྱའི་ཁྱབ་བདག་རྗེ་དངུལ་ཆུ་བ་ སྐུ་ཚེ་བློ་བཟང་འཇིགས་མེད་དབང་པོ་དཔལ་བཟང་པོ། དེ་ས་བདག་ལའོ།། ཡང་ན། དབྱངས་ཅན་གྲུབ་རྡོར་ནས། ཤར་ཆེན་ངག་དབང་ཆུལ་ཁྲིམས། ཡོངས་འཛིན་དགེ་འདུན་རྒྱ་མཚོ། སྒོ་མཁན་ཟུར་རྡོ་རྗེ་འཆང་མཁྱེན་རབ་བསྟན་པ་ [032A]༄༅། །ཆོས་འཕེལ་དཔལ་བཟང་པོ། དེས་བདག་ལའོ།། ༈ ཆོས་རྒྱལ་ནང་སྒྲུབ་ལ་གཤིན་རྗེ་རིགས་བཞིས་བསྐོར་བའི་རྗེས་གནང་གི་བརྒྱུད་པ་ནི། སྲད་ནས་བརྒྱུད་པའི་ཆིག་བརྒྱུད་མ་འདི་རྒྱུད་ཆེན་དཀོན་ མཆོག་ཡར་འཕེལ་ཡན་སྲད་བརྒྱུད་སྤྱི་ལྟར་ལ། དེ་ནས་ལྕང་སྐྱ་ངག་དབང་ཆོས་ལྡན། འཇམ་དབྱངས་བཞད་པའི་རྡོ་རྗེའམ་ངག་དབང་བརྩོན་འགྲུས། བར་འདིར་མ་རྙེད། གང་ལྟར་ཡང་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་ ཤིང་བཟའ་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས། དཀའ་བཅུ་ངག་དབང་ཤེས་རབ་རྡོ་རྗེ། དུར་བདེ་བསམ་འགྲུབ་བསྟན་འཛིན། པཎྜི་ཏ་བློ་བཟང་ཐུབ་བསྟན་ཉི་མ། དཀའ་བཅུ་བློ་བཟང་གདུགས་དཀར། ཁལ་ཁ་བཀའ་འགྱུར་བ་ཚེ་ རིང་དཔལ་ལྡན། གོང་དུ་ཡམ་ཞད་མཚན་ནོང་ཚུལ་བྱུང་བ་གྱིས་སྤར་བཅོས་ཞུས་པ་ལས་གཞན་སོག་པོ་དཔལ་ལྡན་བཟང་པོའི་གསན་ཐོ་ནས་བྱུང་བ་ལྟར་རོ། །བཀའ་འགྱུར་བ་རྗེ་དཔལ་ལྡན་བཟང་པོ། སྟག་བྲག་རྡོ་རྗེ་འཆང། དེས་བདག་ལ་དགྱེས་བཞིན་དུ་སྩལ་བའོ།། །། ༈ བ་ཀུན་འདུས་རྡོ་རྗེ་འཛིན། །ཤིས་བྱའི་འཁོར་ལོ་བདེ་ཆེན་དྲ་བར་སྡོམ། །མཐའ་དག་བདུད་དཔུང་འཇོམས་མཛད་གཤིན་རྗེའི་གཤེད། །དབྱེར་མེད་བླ་མ་བློ་བཟང་རྒྱལ་བས་སྐྱོངས། །འཇམ་དཔལ་རྡོ་རྗེ་རྣོན་པོ་རང་བསྟན་སྲོག་ བསྲུང་བའི་ཤུགས་དྲག་མཐུ་ལྡན་ལས་བཞིའི་རྩ་ལ། །དྲེགས་རློམ་གཞན་གྱིས་བསྒྲུན་མིན་བསྟན་སྲུང་ཆེའི། །འཕྲིན་ལས་འདོད་པ་འཇོལ་དབང་བའི་བཀའ། །སྔོན་མེད་དག་སྣང་ནོར་བུའི་གན་མཛོད་ལས། །ཉེ་བརྒྱུད་ཐུན་མོང་ [032B]ཅི་དགར་འདྲེན་མཁས་གྲུབ་པའི་འཁོར་སྒྱུར་ཆེའི། །དྲིན་ལས་དགོས་དགུར་སྤྱོད་པའི་དགའ་སྟོན་སྤྲོས། །འདིར་སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོས་མདོ་རྒྱུད་དུ་མ་ནས་དུས་མཐར་སངས་རྒྱས་ཀྱི་མཛད་ པ་མཛད་པར་ལུང་དུ་བསྟན་པ་བཞིན། གངས་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་བསླད་པས་རྒྱལ་བསྟན་དྲི་བཅས་སུ་གྱུར་པ་མཁས་གྲུབ་སྔ་མ་གཞན་སུས་ཀྱང་ཇི་བཞིན་འབྱེད་པར་མ་ནུས་པའི་ཤིང་རྟའི་སྲོལ་ གསར་དུ་ཕྱེས་ཏེ་རྒྱལ་བ་གཉིས་པ་ལྟར་གྱུར་པ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་དག་ཐར་ལེགས་པར་མཛད་པའི་མདོ་སྔགས་ཟུང་དུ་འབྲེལ་བ། ཆ་ཐམས་ཅད་ནས་ཚང་ལ་མ་ནོར་བའི་བསྟན་པའི་སྙིང་པོ་དྲི་མ་མེད་པ་གསེར་སྦྱངས་ བཙོམ་ལྟ་བུ་འདི་ཉིད། ཚེས་སྙིགས་མར་གྱུར་པའི་དུས་འདིར་བསྲུང་ཞིང་སྐྱོང་བ་ལ་རྣམ་བཞིའི་འཕྲིན་ལས་ཀྱི་རོལ་པ་དུས་ལས་མི་ཡོལ་ཞིང། རྗེའི་རིང་ལུགས་དྲི་མ་མེད་པ་འདིར་གྲུབ་མཐའ་གཞན་གྱི་ལྟ་སྤྱོད་ངན་པས་བསྲེ་ལྷད་འཆལ་བར་སྤྱོད་ པ་རྣམས་དྲག་པོའི་ཆད་པས་རིམ་བཞིན་མིང་གི་ལྷག་མར་གཏོང་བ་ལ་དྲག་ཤུལ་གཉན་མྱུར་ཐོགས་པ་མེད་པའི་མཐུ་སྟོབས་ནུས་པ་གནམ་ལྕགས་རྡོ་རྗེའི་ཐོག་རྒོད་དྲག་པོ་དང་མཚུངས་པའི་སྲུང་མའི་དབང་པོ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ ལ་ཞེས་ཡོངས་སུ་གྲགས་པའི་སྲོག་གཏད་ཀྱི་བཀའ་ཟབ་མོ། འཇམ་མགོན་ཙོང་ཁ་པའི་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་གཅིག་ཏུ་ཡིད་ལ་བརྣགས་ཏེ། དག་པ་རབ་འབྱམས་རྒྱལ་བའི་འཁོར་ལོ་དང་ཐབས་ཅིག་ཏུ་རོལ་པའི་ [033A]༄༅། །སྙིགས་དུས་ཀྱི་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ། ཟུང་འཇུག་རིགས་བརྒྱའི་ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་པདྨ་བཛྲ་དཔལ་བཟང་པོར་སྲོག་གཏད་ཆོག་གཞུང་དུ་གསལ་བ་ལྟར་གསོལ་བ་ནན་ཆེར་བཏབ་པར་ དགོས་པ་དོན་ལྡན་དུ་མཛད་དེ། དག་པའི་རོལ་པར་དངོས་སུ་གཟིགས་པའི་ཉེ་བ་རྒྱུད་ཐུན་མོང་མ་ཡིན་པའི་བཀའ་ཟབ་མོ་ལེགས་པར་གསན་པའི་སྲོག་གཏད་ཆེས་ཤིན་ཏུ་གསང་ཞིང་གཉན་པ་འདི་ཉིད་ཁོ་བོའི་སྐལ་བཟང་དགའ་སྟོན་རྨད་པོ་ཆེར་ལེགས་ པར་ཐོབ་པའི་བརྒྱུད་པ་ནི། དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྗེ་བཙུན་པ་ཕམ་མགོན་པོའི་ཐུགས་སྲས་ལྷ་ཡི་བུའི་རྣམ་པར་རོལ་བ་རྒྱལ་པ་འཇམ་དཔལ་སྙིང་པོ། དེ་སྲས་སེམས་དཔའ་ཆེན་པོ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་ བཀའ་དྲིན་མཚུངས་མེད་ཟུང་འཇུག་གྲུབ་པའི་འཁོར་ལོས་སྒྱུར་བ་སྟག་ཕུ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་དཔལ་ལྡན་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ། མཚན་གཞན་པདྨ་བཛྲ་དཔལ་བཟང་པོའི་ཞལ་སྔ་ནས། བདག་ཕ་བོང་ཁའི་ སྐྱེ་མིང་པར་ཆིག་བརྒྱུད་ཀྱི་ཚུལ་དུ་དགྱེས་པ་ཆེན་པོས་བཀའ་དྲིན་སྩལ་བ་ལེགས་པར་ནོས་པ་ཡིན་ནོ།། །། ༈ །ཡོན་སྦྱར་མཐུན་རྐྱེན་འབྲེལ་ཚད་བླ་མ་ཡིས། །ཚེ་ རབས་འབྲལ་མེད་མཉེས་བཞིན་རྗེས་འཛིན་ཅིང། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག། འགྲོ་དོན་འཕེལ་